分享按钮

རི་བོ་སྔོ་ལྗང་གིས་བཀླུབས་པའི་འདུན་པ་ནི་ལྷ་སའི་ལྷོ་རི་བྱང་རིའི་ལྗང་མདོག་གི་རྒྱུགས་ལན་ཡིན།

(པར་ངོས་དང་པོར་མཐུད)ཆུ་རྒྱག་པ། བདག་སྐྱོང་བཅས་བྱེད་ཀྱི་ཡོད་པས། ཁོང་གི་ལས་ཀ་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཡིན། ས་དོང་དེ་གཡང་གཟར་དུ་འདྲུ་དགོས་པ་དང་། ས་རྒྱུ་ཐག་རིང་ནས་དབོར་དགོས་ཀྱི་ཡོད་ལ། ཆུ་ཡང་ཐོག་མར་མིས་སྦུ་གུ་ཁྲིད་ནས་འདྲེན་དགོས་པ་སོགས་ཀྱི་ལས་ཀ་ནི་གནམ་གཤིས་ཀྱི་ཚ་གྲང་ལ་མ་བལྟོས་པར་ཡང་ནས་བསྐྱར་དུ་བྱེད་དགོས་ཀྱི་ཡོད།

ཚེ་རིང་དཔལ་སྐྱིད་ཀྱིས་འདི་ནི་སྒྲོན་ཤིང་དང་ཐང་ཤིང་དཀར་པོ་ཡིན་པ་དང་། ཕ་གི་ནི་ཤུག་པ་རེད་ཅེས་ངོ་སྤྲོད་བྱས། དེ་སྔོན་ཆེད་ལས་ཀྱི་ཤེས་བྱ་མི་ཤེས་པའི་བུ་མོ་དེ་ལས་ཀའི་ཁྲོད་ལྗོན་ཤིང་བདག་སྐྱོང་མཁས་པ་ཞིག་ཏུ་རིམ་བཞིན་འཚར་ལོངས་བྱུང་བ་དང་། རང་ཉིད་ཀྱིས་འགན་འཁུར་བའི་ཡུག་ཁུལ་དུ་འཚར་ལོངས་བྱུང་བའི་ལྗོན་ཤིང་ཚང་མ་ཁྱིམ་གྱི་གཅེས་ནོར་ལྟ་བུར་བརྩིས་ནས་བདག་སྐྱོང་བྱེད་ཀྱི་ཡོད།

ཚེ་རིང་དཔལ་སྐྱིད་ཀྱིས་ལོ་ལྟར་ཁྱིམ་གྱི་གཅུང་པོ་ཚོ་ཁྲིད་ནས་ཤིང་འཛུགས་པ་དང་ཆུ་རྒྱག་གི་ཡོད་པར་མ་ཟད། ཁོ་ཚོར་སྔོ་ཞིང་དྭངས་པའི་རི་ཆུ་ནི་ང་ཚོའི་རྒྱུ་ནོར་དང་ཕ་ཡུལ་གྱི་འབྱུང་འགྱུར་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བའི་རྨང་གཞི་ཡིན་པའི་གནས་ལུགས་གླེང་གི་ཡོད།

ཚེ་རིང་དཔལ་སྐྱིད་ཀྱིས་འགན་འཁུར་བའི་ཡུག་ཁུལ་དུ་ས་གནས་དེ་གའི་མི་བཅུ་གྲངས་ཁ་ཤས་ཐག་ཉེ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གཞིའི་ནང་ཞུགས་ཡོད། མིག་སྔའི་བར་ལས་གཞི་དེས་རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་ཁྲི་900ལྷག་ཙམ་ལས་ཞུགས་ཐུབ་པ་དང་འབབ་འཕར་སྒོར་དུང་ཕྱུར་29ལྷག་ཙམ་བྱུང་ནས་འབྱུང་ཁམས་དང་འབབ་འཕར་མཉམ་འཕར་དང་ལྗང་མདོག་འཕེལ་རྒྱས་གཉིས་ཁེ་ནུས་ལྡན་བྱུང་ཡོད། ཚེ་རིང་དཔལ་སྐྱོད་ཀྱིས་ང་ཚོས་སྲུང་སྐྱོང་བྱེད་པའི་སྡོང་པོར་མེ་ཏོག་བཞད་ནས་འབྲས་བུ་བཏགས་པ་མཐོང་སྐབས་བདེ་སྐྱིད་ལྡན་པའི་སྣང་བ་ཞིག་འདུག མུ་མཐུད་དུ་འདེབས་འདོད་ཆེན་པོ་འདུག དེ་ནི་ཚང་མའི་ཐུན་མོང་གི་བསམ་འདུན་ཞིག་རེད་ཅེས་བཤད།

ཇུས་ཤུགས་མཉམ་འདོན་འོག་ད་ཆ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གཞིས་ནགས་བཟོ་མུའུ་ཁྲི་107.93བྱས་པ་དང་ཤིང་སོན་རྐང་དུང་ཕྱུར་1.2ལྷག་ཙམ་བཏབ་པར་གསོན་ཚད་བརྒྱ་ཆ་85ཡན་ཟིན་ཡོད།

གྲངས་གཞི་ལས་མངོན་པར། 2024ལོར་ལྷ་སའི་མཐའ་འཁོར་དུ་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་393.1ཟིན་པ་དེ་རྒྱུན་གཏན་གྱི་དུས་མཚུངས་ལས་ཧའོ་སྨི་4.8མང་དུ་ཕྱིན་ཡོད། ད་ལོའི་ལོ་སྟོད་དུ་ལྷ་སའི་མཐའ་འཁོར་དུ་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་149.4ཟིན་པ་དེ་རྒྱུན་གཏན་གྱི་དུས་མཚུངས་ལས་ཧའོ་སྨི་29འཕར་ཡོད་པ་དང་། བརླན་ཚད་བརྒྱ་ཆ་36.4ཟིན་པ་དེ་རྒྱུན་གཏན་གྱི་དུས་མཚུངས་ལས་བརྒྱ་ཆ་0.2འཕར་ཡོད།

མདོ་དབུས་མཐོ་སྒང་རྒྱུན་མཐུད་ངང་བརླན་གཤེར་དང་སྔོ་ལྗང་ཅན་དུ་འགྱུར་བའི་རྒྱབ་ལྗོངས་ནི་ནགས་བཟོ་བ་སྐྱེ་བོ་གྲངས་ལས་འདས་པས་ནགས་ཚལ་དང་རྩྭ་ཐང་གི་ལས་ལ་འབད་པས་གཞོལ་ཞིང་བློས་གཏོང་བྱས་པ་ཞིག་རེད།

2023ལོར། ཉིས་སྟོང་ལོའི་ནང་སྐྱེས་པའི་ཧྲུའུ་ཆི་ཞང་སློབ་ཆེན་ཐོན་རྗེས་ཕ་ཡུལ་ཁུན་མིང་ནས་ཁ་བྲལ་ཏེ་གངས་ལྗོངས་ས་མཐོར་བསྐྱོད་དེ་བྱང་རིའི་ལྷ་ཀླུ་འདམ་རའི་འབྱུང་ཁམས་སླར་གསོའི་ཁུལ་གྱི་ལས་གྲྭའི་ལྟ་ཞིབ་དོ་དམ་པ་ཞིག་ཏུ་གྱུར་པ་དང་ཁོང་གནས་སའི་ཡུག་ཁུལ་གྱི་ས་བབ་མཐོ་ཚད་སྨི་3700ལྷག་ཙམ་ཟིན་ཡོད།

རི་དེ་གཟར་པོ་འདུག འཛེག་ཐེངས་རེར་ཉིན་ཕྱེད་ཙམ་འགོར་གྱི་འདུག་ཅེས་ཧྲུའུ་ཆི་ཞང་གིས་བརྗོད་ཅིང་། ཁོང་ཧ་ལམ་ཉིན་ལྟར་རི་ལ་འཛེག་དགོས་ཀྱི་ཡོད།

ཆུ་འདྲེན་པ་དང་། ར་སྐོར་རྒྱག་པ། འདེབས་འཛུགས་བྱེད་པ། ལུད་རྒྱག་པ་སོགས་ཨར་ལས་བྱེད་པའི་སྤུས་ཚད་ཚོད་འཛིན་བྱེད་པ་དང་། དེ་བཞིན་ཞིབ་བཤེར་རྩིས་ལེན་བྱས་པའི་སྡོང་ཕྲུག་གི་ཚད་གཞི་དང་སྤུས་ཚད། ས་ཡུལ་དངོས་ཀྱི་དམིགས་བསལ་ལས་སྒྲུབ་དང་། གློག མེ་ཟོན་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། འཚོ་བའི་གད་སྙིགས་དང་། ཐལ་རྡུལ། སྔོ་ཁེབས་སྲུང་སྐྱོང་སོགས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ལ་ལྟ་སྐུལ་ཞིབ་བཤེར་སོགས་བྱེད་སྐབས་ལས་བཟོ་བ་ཡང་ནས་བསྐྱར་དུ་ཐེངས་མང་བརྗེས་ཀྱང་ཧྲུའུ་ཆི་ཞང་ནམ་ཡང་ཡུལ་དངོས་སུ་སྡོད་ཀྱི་ཡོད།

ཧྲུའུ་ཆི་ཞང་ལ་ལས་ཀའི་ཁྲོད་སེམས་སྐྱིད་ཤོས་ཀྱི་བྱ་བ་ནི་རང་ཉིད་ཀྱིས་འགན་འཁུར་བའི་ལྗོན་ཤིང་དེ་གསོན་ཚད་མཐོ་བ་དང་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་པ་དེ་རེད། རི་རྒོད་དེ་རིམ་བཞིན་སྔོ་ལྗང་གོས་བཟང་གིས་བཀླུབས་པ་མཐོང་སྐབས་ཁོང་གི་སེམས་ནང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་མཁན་གྱི་འགན་འཁྲི་དང་གཟི་བརྗིད་ཀྱིས་ཁེངས་བཞིན་ཡོད།

ལས་ཞོར་དུ་ཧྲུའུ་ཆི་ཞང་གིས་རྟག་ཏུ་ས་གནས་དེ་གའི་བཟོ་པ་དང་ནགས་སྲུང་བ་དང་མཉམ་དུ་ཆེད་ལས་ཤེས་བྱ་སྤེལ་རེས་དང་གྲོས་བསྡུར་བྱས་ནས་མི་གཞན་གྱི་ལག་ལེན་ཁྲོད་ཀྱི་ཉམས་མྱོང་བསྡུ་ལེན་བྱེད་ཀྱི་ཡོད། ཚང་མའི་ལས་རིགས་མི་འདྲ་ཡང་དམིགས་ཚད་ཚང་མ་གཅིག་མཚུངས་རེད།

དེ་སྔའི་རི་རྒོད་ནི་རྩི་ཤིང་གིས་བཀླུབས་པའི་རི་བོར་འགྱུར་ཞིང་། འགྱིང་ངེར་ལངས་པའི་ཤིང་སྡོང་གི་རྩ་བ་བྱེ་རྡོའི་ཁྲོད་ཁོང་ལག་རྒྱས་ནས་འབྱུང་འགྱུར་ལ་དེ་བས་དམ་འཛིན་བྱེད་བཞིན་ཡོད། རི་ཀླུང་གང་སར་སྔོ་ལྗང་གིས་ཁེངས་པ་དེ་ནི་སྤྱིར་བཏང་གི་ལག་གཉིས་ལ་བརྟེན་ནས་རྒྱལ་ཁབ་ལ་དགའ་ཞེན་བྱེད་པ་ཞིག་རེད། (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་18ཉིན་འབྱོར་བའི་གློག་འཕྲིན) (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-21 6 6 拉萨日报藏文 c204561.html 1 རི་བོ་སྔོ་ལྗང་གིས་བཀླུབས་པའི་འདུན་པ་ནི་ལྷ་སའི་ལྷོ་རི་བྱང་རིའི་ལྗང་མདོག་གི་རྒྱུགས་ལན་ཡིན། /enpproperty-->