分享按钮

ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་ཁྲི་42ལ་ཆད་པ་བཅད་པའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་30ཚུད་ཡོད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིཊ་ཐོག་གནས་ཚུལ་སྤེལ་བར་གཞིཊ་ན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2025ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་གནས་ཚུལ་བརྡ་ཁྱབ་བཏང་ཡོད། 2025ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་གྱོད་གཞི་ཁྲི་52.1ཐོ་འགོད་བྱས་པ་དང་མི་ཁྲི་42ལ་ཆད་པ་བཅད་པའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་30ཚུད་ཡོད།

བརྡ་ཁྱབ་ནང་མངོན་པར་གཞིཊ་ན། 2025ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་བསྐུར་ངོ་བཅར་གྱི་ཉེས་འདོན་དང་ཞུ་གཏུགས་གོང་ཞུ་ཐེངས་ཁྲི་190.6འབྱོར་བའི་ནང་ཐེར་འདོན་རིགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གོང་ཞུ་ཐེངས་ཁྲི་58.9ཡོད་པ་རེད། གནད་དོན་གྱི་ཁུངས་སྣེ་ཁྲི་120.6ཐག་གཅོད་བྱས་ཡོད། གྱོད་གཞི་ཁྲི་52.1ཐོ་འགོད་བྱས་པའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་43དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་2335 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་2 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་6.8བཅས་ཐོ་འགོད་བྱས་ཡོད། ད་ལྟ་དང་དེ་སྔའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཁྲི་4.8ཐོ་འགོད་བྱས་ཡོད། མི་ཁྲི་42ལ་ཆད་པ་བཅད་པའི་ནང་མི་ཁྲི་31.3ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་མི་ཁྲི་13.6ལ་སྲིད་དོན་གྱི་ཆད་པ་བཅད་པ་རེད། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་30དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་1876 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་1.5 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་5.1 སྤྱིར་བཏང་ལས་བྱེད་པ་ཁྲི་5.5 གྲོང་གསེབ་དང་ཁེ་ལས་སོགས་མི་སྣ་གཞན་དག་ཁྲི་29.8བཅས་ལ་ཆད་པ་བཅད་ཡོད།

བརྡ་ཁྱབ་ལ་གཞིཊ་ན། 2025ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞིའི”ཐོག་ནས་མི་ཐེངས་ཁྲི་84.3ལ་སྐྱོན་བརྗོད་དང་སློབ་གསོའི་ཐག་གཅོད་བྱས་ཡོད། དེའི་ནང་རྣམ་པ་དང་པོའི་ཐོག་ནས་མི་ཐེངས་ཁྲི་41.7ལ་སྐྱོན་བརྗོད་དང་སློབ་གསོའི་ཐག་གཅོད་བྱས་པ་དེས་མི་ཐེངས་བསྡོམས་འབོར་གྱི་བརྒྱ་ཆ་49.4ཟིན་ཡོད། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས་ཁྲི་34.1ཐག་གཅོད་བྱས་པ་དེས་བརྒྱ་ཆ་40.4ཟིན་པ་དང་། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས་ཁྲི་4.2ཐག་གཅོད་བྱས་པ་དེས་བརྒྱ་ཆ་5ཟིན་ཡོད། རྣམ་པ་བཞི་པ་སྤྱད་དེ་མི་ཐེངས་ཁྲི་4.3ཐག་གཅོད་བྱས་པ་དེས་བརྒྱ་ཆ་5.2ཟིན་པ། དུས་མཚུངས་སུ་ལྐོག་རྔན་སྤྲོད་ལེན་བྱེད་རིགས་མཉམ་དུ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལྐོག་རྔན་སྤྲོད་མཁན་མི་ཁྲི་1.6གྱོད་ཐོ་བཀོད་དེ་ཞིབ་དཔྱོད་ལས་ཁུངས་ལ་མི་1990སྐྱེལ་སྤྲོད་བྱས་ཡོད། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-21 6 6 拉萨日报藏文 c204558.html 1 ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་ཁྲི་42ལ་ཆད་པ་བཅད་པའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་30ཚུད་ཡོད་པ། /enpproperty-->