(པར་ངོས་དང་པོར་མཐུད)འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་འགན་འཁྲི་དམ་ཟབ་དང་། གཙོ་གནད་གནད་འཁེལ། འགན་འཁུར་ཤུགས་ཆེ་རུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་རྣམ་པ་མུ་མཐུད་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་བརྟན་འགྱུར་མེད་ངང་བློ་སེམས་གཅིག་སྒྲིལ་གྱི་བླ་སྲོག་བསྐྲུན་པ་དང་། རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་རྣམས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཏང་དང་མཉམ་དུ་དགོངས་པ་གཅིག་མཐུན་དང་། ལངས་ཕྱོགས་གཅིག་པ། ལས་དོན་མཉམ་སྒྲུབ་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
ཆོས་ལུགས་ཀྱི་ལས་དོན་དོ་དམ་དམ་འཛིན་ཏན་ཏིག་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོཊ་མཐའ་འཁྱོངས་བྱས་ཏེ་འདུ་ཤེས་གསུམ་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། དགོན་པའི་དོ་དམ་གྱི་རྨང་གཞི་བརྟན་པོ་ཡོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་གྱི་དཔུང་ཁག་གསུམ་གསོ་སྐྱོང་བཅས་ཀྱི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་པ་ཞི་མཐུན་བཅས་ལ་འགན་ལེན་བྱེད་དགོས།
མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་བརྩེ་དུང་དམ་དུ་འབྲེལ་བ་དང་། རིག་གནས་ཀྱི་ཐུན་མོང་རང་བཞིན་སེམས་པ་གཅིག་མཐུན་ཡོང་བ་བཅས་མུ་མཐུད་ལེགས་སུ་གཏོང་དགོས།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社