(པར་ངོས་དང་པོར་མཐུད)སྐུ་ཉིད་ཏང་ནང་ཞུགས་པར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཁྱེད་ཀྱིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་རིག་རྩལ་ལས་དོན་པ་དེ་བས་མང་བས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་།རིག་གནས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།ཁྱེད་རང་སྐུ་གཟུགས་གསལ་ཐང་དང་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ།
ཡིའུ་པུན་ཁྲང་1933ལོར་འཁྲུངས་པ་དང་ཡུན་རིང་ཟློས་གར་འཁྲབ་སྟོན་བྱས་ནས《ཅི་ཀུང》སོགས་བརྩམས་ཆོས་ཁྲོད་མི་དམངས་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་སྒྱུ་རྩལ་གྱི་གཟུགས་བརྙན་མང་པོ་བཏོད་ཡོད་པ་དང་།2024ལོར་སྐབས་32པའི་ཀྲུང་གོའི་བརྙན་འཕྲིན་གྱི་གསེར་གྱི་བྱ་དགའ་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚེ་གང་གྲུབ་འབྲས་བྱ་དགའ་ཐོབ་པ་རེད།
ཡིའུ་པུན་ཁྲང་གིས་རིག་རྩལ་བྱ་གཞག་བསྒྲུབས་ནས་ལོ་70ལྷག་ཙམ་སོང་ཞིང་།སྔ་ས་ནས་ཏང་ནང་ཞུགས་འདོད་ཡོད་མོད།འོན་ཀྱང་རང་ཉིད་ལ་ད་དུང་ཏང་ཡོན་གྱི་ཆ་རྐྱེན་འཛོམས་མེད།དེར་བརྟེན་ཁོང་གིས་2024ལོའི་ལོ་འགོར་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་བ་དང་།2025ལོའི་ཟླ་5པར་ཀྲུང་གུང་གྲ་སྒྲིག་ཏང་ཡོན་ལ་ཆོག་མཆན་སྤྲད་པ་རེད།བདུན་པའི་ཚེས་གཅིག་གི་སྔ་ནུབ་ཏུ་ཁོང་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་ཏང་ཨུད་ཀྱིས་གཉེར་བའི་ཏང་ཞུཊ་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社