(པར་ངོས་དང་པོར་མཐུད)ཟས་དུག་ཕོག་པ་སྔོན་འགོག གློག་འཕྲིན་ཁ་བསླུས་སྔོན་འགོག་སོགས་ལ་དམིགས་ནས་ཁྱོན་ཡོངས་ལ་ཁྱབ་པའི་བདེ་འཇགས་སློབ་གསོ་སྤེལ་དགོས་པ་དང་། དབྱར་གསེང་རིང་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་མི་སྣ་ལས་གནས་ཐོག་ཡོད་པ་དང་ཚོར་སྣང་སྐྱེན་པོ་ཡོང་བའི་འགན་ལེན་བྱེད་དགོས། གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཁྱིམ་བདག་གི་ཚོགས་འདུ་དང་། ཁྱིམ་བདག་གི་འཕྲིན་ཡིག འཛིན་གྲྭའི་སྐད་འཕྲིན་ཚོགས་པ་སོགས་ཀྱི་ཐབས་ལམ་བརྒྱུད་ཁྱིམ་བདག་ཚོར་ཤེས་དགོས་པ་བཞིའི་ལྟ་སྐྱོང་གི་འགན་འཁྲི་འཁུར་དགོས་པའི་དྲན་སྐུལ་བྱས(འགྲོ་ཕྱོགས་ཤེས་དགོས་པ་དང་། གནས་ལུགས་ཤེས་དགོས་པ། རོགས་ཟླ་ཤེས་དགོས་པ། ཁྱིམ་དུ་ལོག་ཤེས་དགོས་པ)མ་ཟད། འབྲིང་རྒྱུགས་དང་མཐོ་རྒྱུགས་རྗེས་ཀྱི་ཕྲུ་གུའི་སེམས་ཁམས་བདེ་ཐང་ལ་དོ་ཁུར་དམ་ཟབ་བྱས་ཏེ་སློབ་གྲྭའི་སེམས་ཁམས་ཐད་སྦྲེལ་ཁ་པར་རམ་ཡང་ན་ངོ་ཐུག་གླེང་མོལ་བྱས་ནས་སེམས་ཁྲལ་སེལ་ཐབས་བྱེད་དགོས།
བརྡ་ཐོའི་ནང་། གཉིས་ཆག་སྲིད་ཇུས་ཀྱི་བླང་བྱ་བསྐྱར་བསྒྲགས་བྱས་ཏེ་སློབ་གྲྭ་གང་རུང་ངམ་ཡང་ན་དགེ་རྒན་གྱིས་དབྱར་གསེང་རིང་སློབ་མ་སྒྲིག་འཛུགས་བྱས་ནས་མཉམ་སྡེབ་ཐོག་གསབ་ཁྲིད་དང་སློབ་ཚན་གསར་པ་འཁྲིད་པའམ་ཡང་ན་མིང་གང་རུང་གི་ཐོག་ནས་རིག་གནས་རིགས་ཀྱི་གསབ་སྦྱོང་འཛིན་གྲྭ་གཉེར་རྒྱུ་གཏན་འགོག་བྱེད་དགོས། སློབ་གྲྭ་ཁག་གིས་གུང་གསེང་རིང་གི་ལས་ཀའི་ཇུས་འགོད་གསར་གཏོད་བྱེད་པ་དང་། ལག་ལེན་རང་བཞིན་དང་ཞིབ་དཔྱད་རང་བཞིན་གྱི་ལས་འགན་དར་སྤེལ་གཏོང་བ། སློབ་མ་ཁྱིམ་ལས་ངལ་རྩོལ་དང་། སྤྱི་ཚོགས་ལག་ལེན། དང་བླངས་ཞབས་ཞུ་བཅས་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་པ་བཅས་ཀྱི་ཐོག་ནས་འཚོ་བའི་རྩལ་ནུས་དང་སྤྱི་ཚོགས་ཀྱི་འགན་འཁྲི་གསོ་སྐྱོང་བྱེད་དགོས། དེ་དང་ཆབས་ཅིག་ཁྱིམ་བདག་ལ་ཕྲུ་གུར་གློག་རྡུལ་ཐོན་རྫས་ཚད་ལྡན་ངང་སྤྱོད་རོགས་དང་མིག་ཤེད་ལ་སྲུང་སྐྱོང་བྱས་ནས་ཤེས་དཔལ་དང་འབྱུང་འཕྲོད་ཀྱི་དྲ་ཞུགས་གོམས་གཤིས་འཇགས་པར་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社