(པར་ངོས་དང་པོར་མཐུད)ཏང་སྲིད་ཀྱི་གལ་ཆེའི་འགན་འཁྲིའི་ནང་འཇུག་པ། སྤྱི་པའི་ཁྲིམས་ལུགས་དང་སྲིད་ཇུས་ནང་འཇུག་པ། ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་པ། གལ་ཆེའི་ཆེད་དོན་རྣམ་གྲངས་ནང་འཇུག་པ་བཅས་བྱེད་དགོས། སྔོན་ལ་ངེས་གནས་མཐའ་འཁྱོངས་དང་། གླེང་ཕྱོགས་སྔོན་སྐྱོད་མཐའ་འཁྱོངས། ཡུལ་བབ་དང་བསྟུན་པ་མཐའ་འཁྱོངས། བཟང་པོ་ལྔ་མཐུན་སྦྱོར་མཐའ་འཁྱོངས། མ་དངུལ་གཅིག་གྱུར་བཀོད་སྒྲིག་མཐའ་འཁྱོངས་བཅས་བྱེད་དགོས། བྱིས་པ་སྔོན་ལ་འཇོག་པ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་མཐའ་འཁྱོངས། མ་ལག་གི་འདུ་ཤེས་མཐའ་འཁྱོངས། མཉམ་སྐྲུན་དང་མཉམ་སྤྱོད་མཐའ་འཁྱོངས། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་པོ་མཐའ་འཁྱོངས་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཀྲའོ་ཧུའེ་ཉན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། གཙོ་གནད་ལས་འགན་ལ་དམིགས་ནས་ཤུགས་བརྒྱབ་སྟེ། འཛུགས་སྐྲུན་གྱི་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། ལོ་རྒྱུས་ལ་འགན་འཁྲི་འཁུར་བ་དང་འབྱུང་འགྱུར་ལ་འགན་འཁུར་བའི་རྣམ་འགྱུར་དང་། དུས་དང་རྣམ་པ་ཀུན་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲིའི་བསམ་པ་དང་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པའི་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ཕྱར་བ་གྲུ་འདེགས་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ནུས་ཤུགས་ཡོད་རྒུས་ལྷ་ས་འདི་ཉིད་བྱིས་པར་ཕན་འདོགས་པ་དང་། བྱིས་པར་ཞབས་འདེགས་ཞུ་བ། འབྱུང་འགྱུར་གྱི་ས་མཐོའི་ཁྱད་ལྡན་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་བཅས་སུ་འཛུགས་སྐྲུན་བྱས་ཏེ། ལྷ་སར་འཚོ་བ་སྐྱེལ་མཁན་ཕྲུ་གུ་ཚང་མར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པའི་ནན་གསུངས་གནང་བ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社