(པར་ངོས་དང་པོར་མཐུད)དཔེ་ཀློག ཤེས་བྱ་གསར་པ་བཅས་གསུམ་སྒྲིལ་དཔེ་ཁང་ཡིན་པ་དང་རྒྱལ་ཡོངས་སུ་དངོས་གཞིའི་དཔེ་ཁང་མང་པོ་ཡོད། ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཡིན་པའི་ལྷ་སར་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་ཡོད། རྒྱབ་ལྗོངས་དེ་འདྲའི་འོག་ད་ཐེངས་བོད་ཀྱི་ལྗང་མདོག་སྒུལ་ནུས་གསར་པའི་ཐོན་ལས་གླིང་གཉེར་སྐྱོང་དོ་དམ་ཀུང་སིས་ལྷ་ས་གྲོང་ཁྱེར་གྱི་དཔེ་ཁང་དཔལ་འབྱོར་གྱི་འབྲེལ་ཡོད་སྲིད་ཇུས་དང་ལེན་ཧུར་ཐག་བྱས་ཏེ་རྒྱལ་ནང་གི་གྲགས་རྟགས“སན་ལན་ཐའོ་ཧྥན་དཔེ་ཁང”ནང་འདྲེན་བྱས་ནས་ལྷ་སར་དངོས་སུ་གཞིས་ཆགས་ཡོད།
པེ་ཅིང་དཀྱིལ་ལམ་སྒོ་རྟགས་ཨང་41པ(མཆོད་རྟེན་དཀར་པོའི་རླངས་འཁོར་འཇོག་སའི་ཉེ་འགྲམ)རུ་གནས་པའི“སན་ལན་ཐའོ་ཧྥན་དཔེ་ཁང”པོ་ཏ་ལའི་ཚོང་ཁང་དུ་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་གྲལ་སྟར་འགྲིག་པའི་དཔེ་སྒྲོམ་ཡིན་པ་དང་། དཔེ་སྒྲོམ་ཐོག་རྩོམ་རིག་བརྩམས་ཆོས་གྲགས་ཅན་ནས་སྤྱི་ཚོགས་ཚན་རིག་གི་ལོ་རྒྱུས་བར་དང་། བྱིས་པའི་དཔེ་དེབ་ནས་ལྟ་འདོད་པའི་དཔེ་དེབ་བར། དཔེ་དེབ་སྣ་ཚོགས་ལས་གཏམ་རྒྱུད་མི་འདྲ་བ་བརྗོད་དེ། ཀློག་པ་པོས་དཔེ་དེབ་ནང་ནས་དུས་རབས་ཀྱི་འཕོ་འགྱུར་ལ་ལྟ་ཐུབ་པར་མ་ཟད། གངས་ལྗོངས་ས་མཐོའི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་ཡང་ཤེས་ཐུབ། དཔེ་ཀློག་ཁུལ་ཕུད“སན་ལན་ཐའོ་ཧྥན་དཔེ་ཁང”པོ་ཏ་ལའི་ཚོང་ཁང་དུ་ད་དུང་ཇ་འཐུང་ཁུལ་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁུལ་བཙུགས་ཡོད་པ་དང་། དུས་བཀག་ལྟར་སན་ལན་དཔེ་ཀློག་གི་འཆར་གཞི་དང་། བོད་ཡིག་ཡིག་གཟུགས་ཉམས་ལེན། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་ཉམས་ལེན་བཅས་ཀྱི་བྱེད་སྒོ་སྤེལ་ནས་རིག་གནས་འཛད་སྤྱོད་སྲོལ་རྒྱུན་གྱི་རྣམ་པ་ལས་བརྒལ་རྒྱུར་སྐུལ་འདེད་བཏང་སྟེ་མཐོང་ཚོར་ལོངས་སྤྱོད་དང་། ཤེས་བྱ་ཐོབ་ལེན། མི་རིགས་ཀྱི་ཁྱད་ཆོས་ཉམས་ལེན་བཅས་གཞི་གཅིག་ཅན་གྱི་མཉམ་འདུས་རྣམ་པའི་རིག་གནས་བར་མཐོངས་གཏོད་རྒྱུ་རེད། “སན་ལན་ཐའོ་ཧྥན་དཔེ་ཁང”པོ་ཏ་ལའི་ཚོང་ཁང་གི་སྦྱིན་བདག་བཀྲ་གཡང་གིས“སན་ལན་ཐའོ་ཧྥན་དཔེ་ཁང”པོ་ཏ་ལའི་ཚོང་ཁང་གིས“སན་ལན་ཐའོ་ཧྥན་དཔེ་ཁང”གི་དེང་རབས་སྟབས་བདེའི་ཉམས་འགྱུར་དང་བོད་ལུཊ་ཀྱི་སྲོལ་རྒྱུན་མཛེས་རིག་མཉམ་འདྲེས་བྱས་ནས་ཐུན་མོང་མ་ཡིན་པའི་ས་མཐོའི་རིག་གནས་ཀྱི་རྣམ་པ་ཞིག་བཏོད་ཡོད། ཟླ་6ཚེས་27ཉིན་ནས་བཟུང་། ང་ཚོས་དངོས་སུ་ཕྱི་ཕྱོགས་སུ་ཚོང་གཉེར་བྱས་ཏེ་རྒྱ་ཆེའི་ཀློག་པ་པོ་དེ་གར་ཕེབས་ནས་དཔེ་ཁང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་མྱོང་རོལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
བཅར་འདྲི་བྱེད་རིང་གསར་འགོད་པས་ད་དུང་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི“ཉར་ཚགས་དངོས་རྫས་ཕྱིར་གཏོང”ལས་དོན་ལ་བརྡ་ལན་ཧུར་ཐག་ཞུ་ཆེད། ཀུང་སིས་དུས་འགོའི་གྲ་སྒྲིག་དང་ལེགས་འདེམས་ཞིབ་ཚགས་བྱས་པ་བརྒྱུད་ཉར་ཚགས་དངོས་རྫས་ལེགས་འདེམས་ཀྱི་གྲགས་རྟགས་བཏོད་དེ།སྟག་རྩེ་བཟོ་ལས་གླིང་ཁུལ་དུ་བཅའ་སྡོད་ཁེ་ལས་ཀྱི་ཁྱད་ལྡན་ཐོན་རྫས་གཙོ་བོར་བྱེད་པ་དང་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་གྱི་རིག་གནས་གསར་གཏོད་ཐོན་རྫས་དང་ཁྱད་ལྡན་ཐོན་རྫས་ལ་འགྲེམས་ཚོང་གི་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད་ཅིང་། གླིང་ཁུལ་ནང་གི་ཁེ་ལས་ཕན་ཚུན་མཉམ་ལས་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་བཏང་ནས། སྲོལ་རྒྱུན་ཐོན་ལས་གསར་གཏོད་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱེད་ཀྱི་ཡོད། “བོད་ཀྱི་ཐོན་རྫས་ལེགས་འདེམས”འགྲེམས་ཚོང་ལྟེ་གནས་ཀྱི་འགན་འཁུར་བ་བསྟན་ཆོས་ཀྱིས།ང་ཚོས་ལས་སྟེགས་དེ་བརྒྱུད་བོད་དང་ལྗོངས་ཕྱིའི་རིག་གནས་དཔལ་འབྱོར་དང་སྦྲེལ་མཐུད་བྱེད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཉར་ཚགས་དངོས་རྫས་བོད་ནས་ཕྱིར་གཏོང་བའི་འཆར་གཞི་དང་ལེན་བྱེད་པ། ལྗོངས་ནང་ཁུལ་གྱི་སྤུས་ལེགས་ཁེ་ལས་བོད་ནས་ཕྱིར་གཏོང་བར་རམ་འདེགས་བྱེད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ལ་བརྟེན་ནས་མི་དེ་བས་མང་བས་བོད་ལྗོངས་ས་མཐོའི་རིག་གནས་ཀྱི་མཆོག་ནོར་བར་ཐག་ཉེ་པོས་མྱོང་རོལ་དང་ཉར་ཚགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社