分享按钮

(པར་ངོས་གཉིས་པར་མཐུད)

བསྟན་རྒྱས་གླིང་སྡེ་ཁུལ།

ཉེ་ཆར། བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་ཏང་ཀྲི་པུས“བདུན་གཅིག”གི་རིག་རྩལ་འཁྲབ་སྟོན་དང“ཏང་དར་འོག་གི་དམ་བཅའ”ཞེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ཁོངས་གཏོགས་ཁུལ་གྱི་མཉམ་སྐྲུན་ཚན་པ་དང་། གྲོང་མི་མང་ཚོགས། སྡེ་ཁུལ་གྱི་ལས་དོན་པ། དེ་བཞིན་སྡེ་ཁུལ་གཞན་གྱི་གྲོང་མི་སོཊ་མི་300ལྷག་ཙམ་དགའ་འཛོམས་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱི་གླུ་སྒྲ་དང་ཉམས་འགྱུར་ལས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཡོད།

བྱེད་སྒོའི་ཁྲོད་སྡེ་ཁུལ་གྱིས་ད་དུང་ཁོངས་གཏོགས་ཁུལ་གྱི་མཉམ་སྐྲུན་ཚན་པར་གོས་དར་སྤྲད་དེ་ཕུལ་བྱུང་གི་ཏང་ཡོན་དང་ལས་དོན་པར་གཟེངས་བསྟོད་བྱས་པར་མ་ཟད། རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཚོར་སྔོན་ཐོན་དཔེ་བཟང་བར་སློབ་སྦྱོང་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཅས་གཏོང་རྒྱུའི་འབོད་སྐུལ་ཡང་བྱས་པ་རེད།

སེར་མ་སྡེ་ཁུལ།

ཟླ་7ཚེས་1ཉིན།གནས་ཆུང་ཁྲོམ་གཞུང་སེར་མ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱི་ཏང་ཀྲི་པུའུ་དང་གནས་ཆུང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་མཉམ་འབྲེལ་བྱས་ཏེ་རིག་རྩལ་བྱེད་སྒོ་སྤེལ་ཞིང་། བྱ་ཐབས་སྣ་མང་བརྒྱུད་ཏང་ལ་ལྷག་བསམ་རྣམ་དག་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་ཡར་བརྩོན་གྱི་ཉམས་འགྱུར་མངོན་པར་བྱས་ཡོད།

དེ་རྗེས་ཏང་ཀྲི་པུའུ་ཁག་དང་སྡེ་ཁུལ་རིག་རྩལ་རུ་ཁག་གིས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ཤིང་།སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་སྤྲོ་སེམས་འཁོལ་བའི་ངང་བསྟོད་གླུ་ཕུལ་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60སོང་རིང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་མངོན་པར་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གཞི་རིམ་གྱི་ལས་དོན་ནང་ཞུཊ་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་འཁྲུངས་སྐར་ལ་ཕྱག་རྟཊ་ཕུལ་ཏེ།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད།

ནོར་སྟོད་སྡེ་ཁུལ།

ཟླ་7ཚེས་1ཉིན། བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་ནོར་སྟོད་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་སྡེ་ཁུལ་གྱི་ཁྱིམ་གཞིས་ལྟེ་གནས་སུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་104འཁོར་བར་རྟེན་འབྲེལ་ཞུ་བའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ཡོད། སྡེ་ཁུལ་གྱི་ཏང་ཡོན་དང་གྲོང་མིའི་འཐུས་མི་མཉམ་དུ་འཛོམས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་རྣམ་པའི་ཐོག་ནས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་བསྟོད་གླུ་ཕུལ་ནས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་བྱས་ཡོད།

རིག་རྩལ་འཁྲབ་སྟོན་གྱི་ལྷུ་ཚིགས་སུ་མཉམ་གཞས་དང་། ཞབས་བྲོ། འཁྲབ་ཚན་ཐུང་གྲས་སོགས་ལྟད་མོ་ཆེ་ལ་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད། ཡུལ་དངོས་སུ་ད་དུང་ཏང་གི་ལོ་རྒྱུས་ཤེས་བྱའི་དྲི་བར་ལན་འདེབས་པའི་མཉམ་འགུལ་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དང་འབྲེལ་བོད་ཡིག་ཡིག་གཟུགས་འཛིན་གྲྭའི་ཕུལ་བྱུང་སློབ་མ་དང་།དེ་བཞིན་ཏང་ལོ་50ལོན་པའི་ཏང་ཡོན་རྒན་གྲས་ལ་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་དང་དྲན་གསོའི་གཱ་སྤྲད་དེ་མིག་དཔེའི་སྟོབས་ཤུགས་གོང་འཕེལ་བཏང་ཡོད།

ད་ཐེངས་ཀྱི་བྱེད་སྒོས་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་པར་མ་ཟད། ཏང་ཡོན་མང་ཚོགས་ཀྱི་ཏང་གཅེས་རྒྱལ་གཅེས་ཀྱི་སྤྲོ་སེམས་སྔར་བས་འཕེལ་ནས་མཐུན་སྒྲིལ་ཡར་བརྩོན་དང་བདེ་སྐྱིད་ཞི་མཐུན་གྱི་སྡེ་ཁུལ་རྣམ་པ་ཞིག་བཏོད་ཡོད།

(སྟོབས་རྒྱལ་དང་།བྱང་ཆུབ་ཆོས་སྒྲོན།ཉི་མ་ཆོས་སྒྲོན།ནོར་བུ་ཆོས་སྒྲོན་བཅས་ཀྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-03 6 6 拉萨日报藏文 c204057.html 1 /enpproperty-->