分享按钮

རེས་སྐོར་གསུམ་པའི་ཀྲུང་དབྱང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་བཞི་པའི་བཅའ་སྡོད་དུས་མཚམས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེཊ་གྲུབ་ཟིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་གསར་འགོད་པར་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོཊ་བྱུང་བར་གཞིགས་ན། ཉེ་ཆར་རེས་སྐོར་གསུམ་པའི་ཀྲུང་དབྱང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་བཞི་པའི་བཅའ་སྡོད་དུས་མཚམས་ཀྱི་ལས་དོན་ཕྱོཊ་ཡོངས་ནས་ལེཊ་གྲུབ་ཟིན་ཡོད། 2025ལོའི་ཟླ་6ཚེས་28ཉིན་བར། ལྟ་ཞིབ་ཚོཊ་ཆུང་ཁག་ལ་མང་ཚོཊ་ཀྱིས་ཐེར་འདོན་གོང་ཞུ་བྱས་པའི་གྱོད་གཞི་ཁྱོན་23311འབྱོར་བ་དང་། གྱོད་གཞི་17880བདག་སྤྲོད་ནུས་ལྡན་བྱས་པ། གསེད་བཀྲོལ་དང་བསྐྱར་ཟློས་ཐེར་འདོན་གོང་ཞུ་བྱས་པ་བརྒྱུད་རིམ་རྩིས་བྱས་ན་ལྟ་ཞིབ་བྱ་ཡུལ་ལ་གྱོད་གཞི་14066བསྒྲུབ་རྒྱུར་སྤྲད་ཡོད། ལྟ་ཞིབ་བྱ་ཡུལ་གྱིས་སྒྲུབ་ཟིན་པའམ་ཡང་ན་དུས་མཚམས་སུ་སྒྲུབ་གཉེར་བྱས་པའི་གྱོད་གཞི་9213ཐག་གཅོད་བྱས་ཡོད།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རེས་སྐོར་གསུམ་པའི་ཀྲུང་དབྱང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་བཞི་པའི་ཚོཊ་ཆུང་8ཀྱིས་ཟླ་5ཚེས་26ཉིན་ནས་ཚེས་28ཉིན་བར་ཧྲན་ཞི་དང་། ནང་སོག ཧྲན་ཏུང་། ཧྲའན་ཞི། ཉིང་ཞ་བཅས་ཞིང་ཆེན(རང་སྐྱོང་ལྗོངས)5དང་དེ་བཞིན་ཀྲུང་གོ་ཧྭ་ནེང་ཚོཊ་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ཏ་ཐང་ཚོཊ་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་གློག་ཤུཊ་མ་འཇོག་ཚོཊ་པ་ཚད་ཡོད་ཀུང་སི་བཅས་ཀྲུང་དབྱང་ཁེ་ལས་3ལ་སྔ་རྗེས་སུ་བཅའ་སྡོད་བྱས་ཡོད།

བཅའ་སྡོད་བྱེད་རིང་།ལྟ་ཞིབ་ཚོགས་ཆུང་ཁག་གིས་དམ་པ་དོན་གཉེར་དང་མཁྲེགས་པར་འཐབ་ཕོད་པ་མཐའ་འཁྱོངས་ཀྱིས་འཐབ་ས་མདུན་མར་བསྐྱོད་དེ་འབྱུང་ཁམས་ཁོར་ཡུག་གི་གནད་དོན་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ལས་དོན་མི་སྒྲུབ་པ་དང་། ལས་འགྱངས་གཏོང་བ། འགན་མི་འཁུར་བ་བཅས་དང་ཐ་ན་ཁྲལ་སེལ་སླ་བཅོས་སོགས་ཀྱི་གནད་དོན་ལ་ཞིབ་དཔྱད་བྱས་ཡོད། ཁོར་ཡུག་སྲུང་སྐྱོང་ལ་ཁ་གཡར་ནས་“གཅིག་དཔེ་བརྒྱ་འགེབས”དང་། འགན་འཁྲི་བདའ་འདེད་རྒྱ་ཁྱབ་ཅན་དང་སྟབས་བདེ་ཅན། དེ་བཞིན་འགན་འཁྲི་བདའ་འདེད་ཀྱིས་བཅོས་སྒྲིག་གི་ཚབ་བྱེད་པ་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད།

འབྲེལ་ཡོད་ཞིང་ཆེན(རང་སྐྱོང་ལྗོངས)དང་ཀྲུང་དབྱང་ཁེ་ལས་ཀྱིས་ཀྲུང་དབྱང་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བཅོས་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་གནད་དོན་ཐག་གཅོད་བྱེད་རིང་ཞིབ་བཤེར་ཐག་གཅོད་ནན་ཏན་དང་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས་ལ་དངོས་ཐོག་བདེན་འཚོལ་དང་རིགས་དབྱེ་ཇུས་བསྟར་ཡང་བྱས་ནས་གནད་སྨིན་དང་། ཚན་རིག་དང་མཐུན་པ། ཁྲིམས་ལྟར་ཐག་གཅོད་བཅས་ཐུབ་པ་བྱེད་ཀྱི་ཡོད།

ཤེས་རྟོཊ་བྱུང་བར། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གྱོད་གཞི་སྒྲུབ་སྤྲོད་བྱས་ཟིན་པ་དང་ཞིབ་བཤེར་ཐག་གཅོད་བྱེད་དགོས་རིགས་ལྟ་ཞིབ་ཚོཊ་ཆུང་ཁག་གིས་མི་སྣ་བཀོད་སྒྲིག་བྱས་ནས་གནད་དོན་ཐག་གཅོད་གནད་ལ་འཁེལ་བ་དང་། བཅོས་སྒྲིག་གནད་ལ་འཁེལ་བ། ཡོངས་བསྒྲགས་གནད་ལ་འཁེལ་བ་བཅས་ཡོང་བའི་འགན་ལེན་བྱས་ཡོད། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-03 6 6 拉萨日报藏文 c204059.html 1 རེས་སྐོར་གསུམ་པའི་ཀྲུང་དབྱང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་བཞི་པའི་བཅའ་སྡོད་དུས་མཚམས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེཊ་གྲུབ་ཟིན་པ། /enpproperty-->