(པར་ངོས་དང་པོར་མཐུད)བོད་ལྗོངས་སློབ་ཆེན་གྱི་སློབ་མ་ཧྲི་ཡ་ཆིན་གྱིས། འདི་ནི“ང་ལ་བོད་དུ་ལྗོན་ཤིང་ཡོད”ཅེས་པའི་བྱེད་སྒོར་ཞུཊ་ཐེངས་གཉིས་པ་ཡིན། སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་སློབ་མ་ཞིག་ཡིན་པའི་ངོས་ནས་ཤིང་འཛུཊ་བྱེད་སྒོར་ཞུཊ་པ་ནི་སྟབས་བདེའི་ངལ་རྩོལ་ཞིག་ཡིན་པར་མ་ཟད། ང་ཚོ་གཞོན་ནུའི་མི་རབས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་སྤྱི་ཚོཊ་ཀྱི་འགན་འཁྲི་ལྕི་པོ་སྔར་བས་འཕེལ་བར་བྱས་ཡོད་ཅེས་བཤད།
ལྷོ་རིའི་སྤྱི་གླིང་ནས་ལྷ་ས་གྲོང་ཁྱེར་གྱི་ལྟེ་གནས་སུ་རྒྱང་ལྟ་བྱེད་སྐབས།དབྱར་འགོའི་དུས་ཀྱི་གྲོང་ཁྱེར་གྱི་ཁོར་ར་ཁོར་ཡུག་ཀུན་སྔོ་ཐིང་ཐིང་དུ་གྱུར་ཞིང་རྩི་ཤིང་གིས་ཁེངས་ཡོད། ཁྲོམ་གཞུང་དུ་སྐྱོད་སྐབས་སྔོ་ལྗང་རི་བོས་ལྷོ་བྱང་སྦྲེལ་ཞིང་། དྭངས་གཙང་ཆུ་མོས་གནའ་གྲོང་སྐོར་བའི་འབྱུང་ཁམས་ཀྱི་རྣམ་པ་ཞིག་པིར་མཁན་གྱིས་རི་མོར་བཀོད་པ་དང་གཉིས་སུ་མ་མཆིས། སྐྱེ་སྟོབས་ཀྱི་དཔལ་འབར་བའི་དུས་ཚིཊ་དེར་གངས་ལྗོངས་ས་མཐོའི་གནས་མཆོག་ལྷ་སས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བཞིན་ཡོད།
གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་ནི་ཡུན་རིང་གི་རང་བཞིན་དང་། བརྒྱུད་རིམ་ལྡན་པའི་རང་བཞིན། རྙོག་འཛིང་ཆེ་བའི་རང་བཞིན་བཅས་ཀྱི་ལས་གཞི་ཞིག་ཡིན། ལྷ་སས་ཇི་ལྟར་བྱས་ནས་གྲོང་ཁྱེར་འཛུགས་སྐྲུན་དང་སྔོ་ལྗང་ཅན་དུ་འགྱུར་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ།རྣམ་པ་གསར་པ་དང་། གཟུགས་བརྙན་གསར་པ། སྤུས་ཚད་གསར་པ་བཅས་ཀྱི་ཐོག་ནས་དུས་སྐབས་གསར་པ་བསུ་རྒྱུ་ནི་རྒྱུགས་ཆེན་ཞིག་ཡིན།
ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གནད་སྨིན་ཅན་དང་། ཞིབ་ཚགས་ཅན། མཛེས་སྡུག་ཅན་བཅས་ཀྱི་སྒོ་ནས་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་། རང་གྲོང་གིས་གྲོང་ཁྱེར་སྔོ་འགྱུར་རིམ་སྤོར་སྒྱུར་བཀོད་བྱ་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི་དམངས་འཚོའི་དོན་དངོས་20ལ་བརྩིས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། བྱང་སྐོར་དང་ལྷོ་སྐོར་སོགས་མཛེས་ལྗོངས་ཁུལ་དང་གནས་གལ་ཆེན་དུ་སྔོ་འགྱུར་རིམ་སྤོར་སྒྱུར་བཀོད་བྱས་ཏེ་ཁ་དོག་མི་འདྲ་བ་དང་། མཐོ་ཚད་མི་འདྲ་བ། མེ་ཏོག་གི་དུས་ཚིཊ་མི་འདྲ་བ་བཅས་ཀྱི་མེ་ཏོག་དང་ལྗོན་ཤིང་བཏབ་པ་བརྒྱུད་བང་རིམ་མི་འདྲ་བ་དང་དུས་བཞིར་མཛེས་ལྗོངས་ལྡན་པའི་ཕྱོཊ་བསྡུས་མཛེས་ལྗོངས་ཤིག་བཏོད་ཡོད། 2024ལོ་ཁོ་ནར་མེ་ཏོག་ལྡུམ་ར་སྤྱི་ལེ་103བསྐྲུན་པ་དང་། གྲོང་ཁྱེར་གྱི་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་61གསར་དུ་འཕར་བ། ཤིང་སོན་རིགས་རྐང་ཁྲི་2450ལྷག་ཙམ་བཏབ་པས། གྲོང་ཁྱེར་གྱི་རྣམ་པ་རྒྱུན་ཆད་མེད་པར་མཛེས་སུ་ཕྱིན་པར་མ་ཟད།གྲོང་ཁྱེར་གྱི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད།
དཔྱིད་ཀར་མེ་ཏོག་རྣམ་པར་བཞད་པ་དང་། དབྱར་ཁར་གྲིབ་བསིལ་ལྡན་པ། སྟོན་ཁར་ཚོན་མདོག་རྣམ་པར་བཀྲ་བ། དགུན་ཁར་ལྗང་མདོག་ལྡན་པ་བཅས་ཀྱི་སྒྱུར་བཀོད་ལས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་དེར་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་སྦྱིན་པ་དང་སྔོ་ཐིང་ཐིང་གི་ཡལ་འདབ་ལས་འབྱུང་ཁམས་དམངས་ཕན་གྱི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།
ལམ་སྲོལ་དང་ཕན་ནུས་ཆེ་རུ་བཏང་ནས་སྔོ་ལྗང་ལ་དོ་དམ་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་བ།
ནཊ་དཔོན་ལམ་ལུཊ་ཕྱོཊ་ཡོངས་ནས་ཁྱབ་གདལ་དུ་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འབྱུང་ཁམས་ཤེས་དཔལ་འཛུཊ་སྐྱོང་ལ་ཤུཊ་སྣོན་རྒྱག་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་འབྱུང་ཁམས་ཤེས་དཔལ་འཛུཊ་སྐྱོང་ཁྱབ་ཁོངས་ཀྱི་ལམ་ལུཊ་གསར་གཏོད་གལ་ཆེན་ཞིག་རེད།
ས་བབ་མཐོ་ཚད་སྨི་4300ཟིན་པའི་རྭ་སྒྲེང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དེ་2004ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདམས་ཡོད། སྤྱི་ཆིང་7000ལྷག་ཙམ་གྱི་ཁྱབ་ཁོངས་ནང་བྱ་ཝང་དང་ཤྭ་བ་མཆུ་དཀར་སོགས་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆཊ་འབོར་ཆེན་ཞིག་འཚོ་གནས་བྱེད་བཞིན་ཡོད་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཤུག་ཚེར་རྐང་ཁྲི་22ལྷག་ཙམ་དེ་གར་སྐྱེས་ཡོད།
ནཊ་སྲུང་བ་ཟླ་བའི་བདག་སྐྱོང་བྱ་ཡུལ་དུ་ཚོགས་ཆུང་གི་མི་7གྱིས་རེས་མོས་ངང་རི་སྐོར་རྒྱག་པ་ནི་རྒྱུན་གཏན་གྱི་ལས་དོན་གལ་ཆེན་གྱི་གྲས་ཤིག་རེད། ཟླ་བས་ང་ཚོས་ནཊ་ཚལ་གྱི་མེ་ཟོན་བདེ་འཇཊ་འགན་ལེན་བྱེད་དགོས་ལ་ཤིང་སྡོང་ལྐོག་གཅོད་ཀྱང་བཀག་འགོག་བྱེད་ཀྱི་ཡོད།སྐབས་རེ་ད་དུང་གནས་སྐོར་བ་དང་། ཡུལ་སྐོར་བ། གྲྭ་བཙུན་བཅས་ལ་ནཊ་ཚལ་གྱི་མེ་ཟོན་བྱ་ཐབས་སྒྲོག་འགྲེལ་བྱས་ནས་སྲུང་སྐྱོང་ཁུལ་གྱི་བདེ་འཇཊ་ལ་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།
རི་ཚོགས་སྔོ་ལྗང་གིས་ཁེངས་ཤིང་། ལྗོན་ཤིང་ཁྲི་སྟོང་མང་པོ་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་སྐྱེ་འཚར་ཡག་པོ་བྱུང་ཡོད་ལ་ནགས་དཔོན་གྱི་བདག་སྐྱོང་འོག་ལྗོན་ཤིང་དེ་དག་ལོ་རེ་ལས་ལོ་རེར་རྒྱ་ཆེར་འཕེལ་བཞིན་ཡོད།
2024ལོར་གྲོང་ཁྱེར་རིམ་པའི་ནཊ་དཔོན་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོཊ་འདུ་ཐེངས་5དང་། གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོཊ་འདུ་ཐེངས་4གཙོ་སྐྱོང་གནང་ནས་འཚོཊ་ཏེ་ནཊ་དཔོན་གྱི་བཀའ་རྒྱ་ཐེངས་དང་པོ་བཏང་བ་དང་། སྣེ་ཁྲིད་དེ་ནཊ་སྐོར་ཐེངས་10ལྷག་ཙམ་བྱས་པ། དེ་བཞིན་གཙོ་གནད་ལས་དོན་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་བཀོད་སྒྲིག་བྱས་པར་མ་ཟད། རང་དཔེ་གཞན་སྟོན་གྱིས་གྲོང་ཁྱེར་ཡོངས་ཀྱི་ནཊ་དཔོན་ལམ་ལུཊ་ཀྱི་ལས་དོན་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།
གྲོང་སྤྱི་གཞོན་པ་བློ་གསལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དོ་དམ་དང་སྲུང་སྐྱོང་ལམ་སྲོལ་ཐད་ལྷ་ས་གྲོང་ཁྱེར་གྱིས་རིམ་བཞིའི་ནགས་དཔོན་གྱི་འགན་འཁྲིའི་མ་ལག་བཙུགས་ནས“ནགས་དཔོན་གཅིག་དང་ལས་མི་གསུམ”(ནགས་དཔོན་དང་། ནགས་སྲུང་བ། ལྟ་སྐུལ་དོ་དམ་པ། ཁྲིམས་འཛིན་པ)གྱིས་མཉམ་དུ་ནུས་ཤུགས་འདོན་རྒྱུ་མངོན་འགྱུར་བྱུང་ཡོད། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དེའི་ཐོག་ནགས་དཔོན་2338དང་། སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་བ་3688 རྩྭ་ཐང་འབྱུང་ཁམས་ཀྱི་ལས་མི་3419 ནགས་ལས་འབྱུང་ཁམས་ཀྱི་ལས་མི་4491བཅས་ཀྱིས་རི་ཀླུང་དང་ནགས་ཚལ་ལ་སྲུང་སྐྱོང་བྱས་ཏེ།རང་གྲོང་གི་འབྱུང་ཁམས་ལེགས་པར་བསྲུངས་ཡོད། 2024ལོར་གྲོང་ཁྱེར་ཡོངས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་དང་དེ་བཞིན་ནགས་ཚལ་དང་རྩྭ་ཐང་ལ་གཏོར་སྐྱོན་ཕོག་པའི་དོན་རྐྱེན་ཐོན་མེད་པས་འབྱུང་ཁམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མུ་མཐུད་བརྟན་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།
འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོར་ཕན་འདོགས་པ།
རང་གྲོང་གིས་བྱ་ཐབས་གསར་གཏོད་དང་མཉམ་སྡེབ་ཀྱི་བྱ་ཐབས་སྤྱད་དེ་སྐྱེ་ཁམས་སྐྱིན་གསབ་ཀྱི་སྲིད་ཇུས་ལ་བརྟེན་ནས་འབབ་འཕར་བརྟན་པོ་ཡོང་བ་དང་། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་འཚོལ་བསྡུ་ཚད་ལྡན་དུ་བཏང་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ། ལས་གྲྭའི་རྣམ་གྲངས་ལ་བརྟེན་ནས་འབབ་འཕར་ལ་འགན་ལེན་བྱེད་པ། སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་འབབ་འཕར་རྒྱ་ཆེར་གཏོང་བ་བཅས་ཕྱོཊ་བཞིའི་ཐད་ཤུཊ་སྣོན་བརྒྱབ་སྟེ།ཕྱོཊ་ཡོངས་དང་རིམ་པ་མང་པོའི་སྒོ་ནས་སྔོ་ལྗང་སྤྱོད་པའི་ལས་དོན་ཏན་ཏིག་སྤེལ་ཡོད།
སྐྱེ་ཁམས་སྐྱིན་གསབ་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་འབབ་འཕར་བརྟན་པོ་ཡོང་བར་བྱས་པ་སྟེ། འབྱུང་ཁམས་ནགས་སྲུང་བའི་ལས་གནས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་2768.5དང་འབྱུང་ཁམས་སྤྱི་ཕན་གྱི་ནགས་ཚལ་དོ་དམ་དང་སྲུང་སྐྱོང་གི་ཁ་གསབ་མ་དངུལ་སྒོར་ཁྲི་3850ཆད་ལུས་མེད་པར་དུས་ཐོག་ཏུ་སྤྲད་པ་དང་། ནགས་སྲུང་བ་མི་གྲངས་11600ཟིན་ནས་འབྱུང་ཁམས་ལས་གནས་ཀྱི་མི་རེར་ལོ་རེའི་ཆ་སྙོམས་འབབ་འཕར་སྒོར་5705.6བྱུང་ཡོད།
དབྱར་རྩྭ་དགུན་འབུའི་ཐོན་ཁུངས་འཚོལ་བསྡུ་ཚད་ལྡན་དུ་བཏང་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ་སྟེ། མང་ཚོགས་ལ་དབྱར་རྩྭ་དགུན་འབུ་འཐུ་བའི་ལས་དོན་སྤེལ་རྒྱུར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་པ་དང་། 2024ལོར་གྲོང་ཁྱེར་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་འཐུ་བའི་ཐོན་འབབ་སྤྱི་རྒྱ་1040.79ཟིན་ནས་འབབ་འཕར་སྒོར་དུང་ཕྱུར་1.45བྱུང་བ་དེ་2023ལོའི་དུས་མཚུངས་ལས་བརྒྱ་ཆ་38.1འཕར་ཡོད།
ལས་གྲྭའི་རྣམ་གྲངས་ཀྱིས་འབབ་འཕར་ལ་འགན་ལེན་བྱས་པ་སྟེ། ལྷོ་རི་དང་བྱང་རིའི་སྔོ་འགྱུར་ལས་གཞི་ལག་བསྟར་བྱས་པ་སོཊ་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ།ངལ་ནུས་མི་སྤྱོད་ཀྱི་མཐུན་སྦྱོར་མཉམ་ལས་ལམ་སྲོལ་བཙུཊ་པ་དང་མང་ཚོགས་ནགས་བཟོ་དང་དུས་མཇུག་གི་དོ་དམ་སྲུང་སྐྱོང་ནང་ཞུཊ་རྒྱུ་སྒྲིག་འཛུགས་བྱས་པས།ན་ནིང་ཁོ་ནར་རིམ་རྩིས་བྱས་ན་མང་ཚོཊ་མི་ཐེངས་ཁྲི་207.16ལས་ཞུགས་ཐུབ་པ་དང་འབབ་འཕར་སྒོར་དུང་ཕྱུར་6.65བྱུང་ཡོད།ལྷོ་རི་བྱང་རིའི་སྔོ་འགྱུར་ལས་ཞུགས་འབབ་འཕར་ལས་དོན་དེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་དུས་རབས་གསར་པའི་འཚོ་རྟེན་ལས་སྤྲོད་ལས་དོན་གྱི་མཛུབ་ཁྲིད་ནང་དུ་བཅུག་ཡོད།
སྒྱུར་བཅོས་གསར་གཏོད་བྱས་ནས་འབབ་འཕར་རྒྱ་ཆེར་བཏང་བ་སྟེ། ཤིང་སོན་ར་བའི་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་ནས་འགན་ལེན་རང་བཞིན་གྱི་ཤིང་སོན་ར་བ་25བསྐྲུན་རྒྱུར་སྐུལ་འདེད་བཏང་བས་ཤིང་སོན་རྟེན་གཞིའི་རྒྱ་ཁྱོན་མུའུ་ཁྲི་1.25ཟིན་པ་དང་།ཤིང་སོན་ར་བ་བསྐྲུན་པ་བརྒྱུད་ལོ་ལྟར་མང་ཚོཊ་ལ་འབབ་འཕར་སྒོར་ཁྲི་4788.7ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ནཊ་ཚལ་དང་ཤིང་ཏོག་གི་དཔལ་འབྱོར་འཕེལ་རྒྱས་ཤུཊ་ཆེན་བཏང་ནས་ཉེ་བའི་ལོ་ཤས་རིང་ནཊ་བཟོ་སྔོ་འགྱུར་བྱེད་པའི་བརྒྱུད་རིམ་ནང་སྟར་ཁ་དང་། ཁམ་བུ། ཁ་སུར་སོཊ་ནཊ་ཤིང་འདེབས་འཛུཊ་ཀྱི་བསྡུར་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱས་ཡོད། དེའི་ནང་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གཞིས་2024ལོར་ནཊ་ཤིང་རིགས་6དང་སྡོང་རྐང་ཁྲི་156བཏབ་པ་དེས་འདེབས་འཛུཊ་བསྡོམས་འབོར་གྱི་བརྒྱ་ཆ་11.48ཟིན་པ་དང་།2023ལོ་དང་བསྡུར་ན་བརྒྱ་ཆ་6.98འཕར་ནས་ནཊ་ཚལ་དང་ཤིང་འབྲས་གཞི་གཅིག་ཏུ་འདུས་པའི་དཔལ་འབྱོར་ཐོན་ལས་ཧུར་ཐག་བཏོད་ཡོད། ཐཱན་འདུས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་ནས་མཉམ་སྡེབ་ནཊ་དབང་ལམ་ལུཊ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་འགོ་ཚུགས་པ་དང་འབྲེལ་ནཊ་ལས་ཀྱི“ཐཱན་འདུས་འཛིན་ཤོག”ལམ་ལུཊ་ལག་བསྟར་དང་འཚོལ་ཞིབ་བྱ་རྒྱུ་དེ་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས།རང་གྲོང་གི་ཐཱན་འདུས་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུཊ་མཐིལ་རྟོཊ་བྱས་ཡོད། མིག་སྔའི་བར་འཚོལ་བསྡུ་བྱས་པའི་རྣམ་གྲངས་271ཡོད་པ་དག་འདེམས་སྒྲུག་རཊ་ཙམ་བྱས་རྗེས་གསར་སྤེལ་དང་འཚམ་པའི་རྣམ་གྲངས་152ཡོད།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གཞི་ནས་ལྷ་ཀླུ་འདམ་ར་སྲུང་སྐྱོང་བར་གྲོང་ཁྱེར་ཡོངས་ཀྱིས“འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”འདུ་ཤེས་ལག་ལེན་བསྟར་ཏེ།རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ནས་ས་མཐོའི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུཊ་ཡོད་རྒུས་བཏོད་ཡོད། དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་ལྷ་སས་ཚུགས་གནས་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་གཏོད་བཞིན་ཡོད་ལ་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇཊ་སྲུང་ཡོལ་བརྟན་དུ་གཏོང་ཆེད་ལྷ་སའི་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་བཞིན་ཡོད།
(བྱམས་པ་ཚེ་རིང་དང་། སྟོབས་རྒྱལ། བྱང་ཆུབ་ཆོས་སྒྲོན་བཅས་ཀྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社