ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རིག་ནུས་འཛུཊ་སྐྲུན་དང་ནུས་རྒྱུ་གྲོན་ཆུང་གི་ལྗང་མདོག་འཛུཊ་སྐྲུན་རྒྱུ་ཆ་བེད་སྤྱོད་ལ་སྐུལ་འདེད་ཤུཊ་ཆེན་བཏང་ནས་ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམངས་ལ་ཕན་པ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་10དོན་འཁྱོལ་ཧུར་ཐག་བྱ་ཆེད། ཉེ་ཆར། བོད་ལྗོངས་ཀྱི་སྒྲིག་སྦྱོར་རྣམ་པའི་འཛུཊ་སྐྲུན་དང་དེ་བཞིན་འཛུཊ་སྐྲུན་བཟོ་ལས་ཅན་གྱི་འགྲེམས་ཚོཊ་བོད་རང་སྐྱོང་ལྗོངས་ཚོཊ་འགྲེམས་ལྟེ་གནས་སུ་འཚོཊ་པ་རེད།
སྐབས་འདིའི་འགྲེམས་ཚོཊ་ཀྱིས“རིག་ནུས་ལས་ས་མཐོར་ཁེ་ཕན་སྦྱིན་དང་ཚན་རྩལ་གསར་གཏོད་ལས་སྡོདགནས་དང་འཚམ་པར་བྱེད”ཅེས་པ་གཙོ་དོན་དུ་བྱས་ནས། རྒྱལ་ཡོངས་ས་གནས་ཁག་གི་ལས་རིཊ་སྣེ་ཁྲིད་ཁེ་ལས་80ལྷག་ཙམ་གཅིག་སྡུད་བྱས་ཡོད། སྨི་ངོས་གྲུ་5000ཡོད་པའི་འགྲེམས་ཁུལ་དུ་རིག་ནུས་འཛུཊ་སྐྲུན་དང་། ལྗང་མདོག་འཛུཊ་སྐྲུན་རྒྱུ་ཆ། ནུས་རྒྱུ་གྲོན་ཆུང་དང་དྲོད་རླངས་ཤར་གཏོང་། གསོ་རླུང་མཁོ་འདོན། སྤུས་ཀ་ལེཊ་པའི་ཁྱིམ་ཆས་བཅས་ཁག་ཆེན་པོ་ལྔ་བཙུཊ་ནས་གསར་གཏོད་ཐོན་རྫས་300ལྷག་ཙམ་འགྲེམས་སྟོན་བྱས་ཤིང་། དེའི་ནང་ནས་ཆེད་མངཊ་ས་མཐོའི་ཁོར་ཡུག་ལ་ཇུས་འགོད་བྱས་པའི་ལག་རྩལ་མང་པོ་ཞིག་ཚོཊ་ར་ཡོངས་ཀྱི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། གྲང་ངར་ཤིན་ཏུ་ཆེ་བར་ཁ་གཏད་གཅོག་པའི་ནུས་རྒྱུ་གྲོན་ཆུང་དང་དྲོད་ལེན་ཇུས་གཞི་ནས་གསོ་རླུང་དཀོན་པའི་ཁོར་ཡུག་ལ་ཁ་གཏད་གཅོག་པའི་རིག་ནུས་གསོ་རླུང་མཁོ་འདོན་མ་ལག་བར་གྱི་ཐག་གཅོད་ཇུས་གཞི་གསར་པ་དེ་དག་གིས་ལྷ་ས་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་འཛུཊ་སྐྲུན་ནུས་རྒྱུ་གྲོན་ཆུང་དང་བདེ་ཐང་གི་སྡོད་ཁང་བསྐྲུན་རྒྱུར་བསམ་ཕྱོཊ་གསར་པ་མཁོ་འདོན་བྱས་ཡོད།
འགྲེམས་ཚོགས་དང་དུས་གཅིག་ཏུ་གཉེར་བའི“ས་མཐོའི་རིག་ནུས་འཛུགས་སྐྲུན་དང་ནུས་རྒྱུ་གྲོན་ཆུང་ལག་རྩལ་གྱི་མཐོ་རིམ་གླེང་སྟེགས”ཐོག ཀྲུང་གོ་འཛུགས་སྐྲུན་ཚན་རིག་ཞིབ་འཇུག་ཁང་དང་ཆིང་ཧྭ་སློབ་ཆེན་ཨར་སྐྲུན་ནུས་རྒྱུ་གྲོན་ཆུང་ཞིབ་འཇུག་ལྟེ་གནས་དང་དེ་བཞིན་ཁེ་ལས་ལས་རིཊ་ཀྱི་རིཊ་གཅིག་མཁས་ཅན་ཚོས“ས་མཐོའི་ཨར་སྐྲུན་ནུས་རྒྱུ་གྲོན་ཆུང་ལག་རྩལ་གྱི་ཐོད་བརྒལ”སོཊ་ཀྱི་གྲོས་གཞིར་གྲོས་བསྡུར་གཏིང་ཟབ་བྱས་ནས་ས་མཐོའི་ཨར་སྐྲུན་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་རྩ་ཆེའི་ལྟ་ཚུལ་དང་གྲོས་འགོ་མཁོ་འདོན་བྱས་ཡོད།
འགྲེམས་ཚོགས་ཐོག་ད་དུང“ལྗང་མདོག་འཛུགས་སྐྲུན་གྱི་སྤྱི་ཕན་འཆར་གཞི”ལག་བསྟར་བྱས་ཤིང་། མེ་ཁེན་ནུས་རྒྱུ་གསར་པ་དང་སའེ་རུའེ་ནུས་རྒྱུ་གསར་པ་སོགས་གཅེས་སེམས་ཁེ་ལས་ཀྱིས་བོད་ལྗོངས་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་ལ་སྒོར་ཁྲི་500རི་བའི་ནུས་རྒྱུ་གྲོན་ཆུང་དང་དྲོད་གཏོང་སྒྲིག་ཆས་ཞལ་འདེབས་བརྒྱབ་པ་རེད། འཛུགས་སྐྲུན་པ་ཚེ་རིང་དབང་འདུས་ཀྱིས་ཉམས་ལེན་བྱས་རྗེས། ལག་རྩལ་གསར་པ་དེ་དག་གིས་ས་མཐོའི་འཛུགས་སྐྲུན་ལ་འབྱུང་སྲིད་པའི་རང་བཞིན་གསར་པ་བཏོད་པ་དང་ལྷག་པར་དུ་ནུས་རྒྱུ་གྲོན་ཆུང་དང་དྲོད་རླངས་ཤར་གཏོང་གི་སྒྲིག་ཆས་དེ་དག་བོད་ལྗོངས་ཀྱི་གནམ་གཤིས་ཀྱི་ཁྱད་ཆོས་དང་ཧ་ཅང་འཚམ་པོ་ཡོད། ད་ཐེངས་ཀྱི་འགྲེམས་ཚོགས་བརྒྱུད། རིག་ནུས་འཛུགས་སྐྲུན་དང་ནུས་རྒྱུ་གྲོན་ཆུང་གི་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆའི་གྲུབ་འབྲས་གསར་ཤོས་མངོན་པར་མ་ཟད། ད་དུང་ས་མཐོའི་འཛུགས་སྐྲུན་གྱི་ནུས་རྒྱུ་གྲོན་ཆུང་དང་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ཐག་གཅོད་ཀྱི་ཇུས་གཞི་གསར་པ་མཁོ་འདོན་བྱས་ཡོད་ཅེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社