ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།“མདོ་དབུས་མཐོ་སྒང་གི་བུད་མེད་ཀྱི་བདེ་ཐང་ལ་གཅེས་སྐྱོང་བྱེད”ཅེས་པའི་བྱེད་སྒོ་ལྷ་སར་སྤེལ་ནས་ས་གནས་དེ་གའི་བུད་མེད་ལ་རྣམ་པ་གསར་རྐྱང་གི་བདེ་ཐང་ཐད་ཀྱི་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་ཚན་རིག་ལག་རྩལ་མཐུན་ཚོཊ་དང་། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོཊ།དེ་བཞིན་ལྷ་ས་གྲོང་ཁྱེར་ལས་རིཊ་ལག་རྩལ་སློབ་གྲྭ་གཉིས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན་ཞིང་།“བུད་མེད་ལ་གཅེས་སྐྱོང་དང་མངལ་སྐེའི་བདེ་ཐང་ལ་གཅེས་སྐྱོང་བྱེད”ཅེས་པ་གཙོ་དོན་དུ་བྱས་ནས་འཆད་ཁྲིད་སྤེལ་བ་དང་།དེའི་དམིཊ་ཡུལ་ནི་བུད་མེད་ཀྱི་བདེ་ཐང་དང་ཤེས་བྱའི་ཆུ་ཚད་མཐོ་རུ་བཏང་ནས་རང་ངོས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་རེད།
པེ་ཅིང་ཞེ་ཧོ་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་གཞོན་པ་དང་། བུད་མེད་ཚན་ཁག་སྐྲན་ནད་ལྟེ་གནས་ཀྱི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན་བཅས་ཡིན་པའི་དགེ་རྒན་ཆེན་མོ་བ་ཐན་ཤན་ཅེ་ཆེད་མངཊ་གདན་དྲངས་ཡོད། ཐན་ཤན་ཅེས་ཕུན་སུམ་ཚོཊ་པའི་ཆེད་ལས་ཀྱི་ཤེས་བྱ་དང་ལག་ལེན་གྱི་ཉམས་མྱོང་ལ་བརྟེན་ནས་པར་རིས་དང་ཡི་གེ་མཉམ་དུ་བཀོད་དེ་གཏིང་ཟབ་ལ་གོ་བདེ་བའི་སྒོ་ནས་མངལ་སྐེའི་འབྲས་སྐྲན་གྱི་འབྲེལ་ཡོད་ཤེས་བྱར་འགྲེལ་བཤད་བརྒྱབ་པ་རེད། ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོཊ་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་པད་སྒྲོན་གྱིས་ང་ཚོས་ད་ཐེངས་ཀྱི་འཆད་ཁྲིད་སྒྲིག་འཛུཊ་བྱེད་དོན་གཙོ་བོ་ནི་རྒྱ་ཆེའི་བུད་མེད་ལས་བྱེད་པའི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།ལྷག་པར་དུ་མངལ་སྐེའི་འབྲས་སྐྲན་ལ་ངོས་འཛིན་དང་སྔོན་འགོག་བྱེད་ནུས་ཆེ་རུ་གཏོང་ཆེད་ཡིན། འབྱུང་འགྱུར།ང་ཚོས་མུ་མཐུད་ལས་དོན་སྤེལ་ཤུཊ་ཆེ་རུ་གཏོང་བ་དང་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ཏེ།རྒྱ་ཆེའི་བུད་མེད་ཚོར་སྤུས་ལེཊ་ཀྱི་བདེ་ཐང་སྐོར་གྱི་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་དེ་བས་མང་བ་བྱས་ནས་ཁོང་ཚོར་ཕན་པ་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད།
ཐན་ཤན་ཅེས་འཆད་ཁྲིད་ནང་དང་ཐོག་གྲངས་གཞི་ཞིག་ལ་བརྟེན་ནས་ཚོཊ་ར་ཡོངས་ཀྱི་དོ་ཁུར་ཐོབ་ཡོད། ཁོང་གིས།མངལ་སྐེའི་འབྲས་སྐྲན་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུད་མེད་ཀྱི་རྒྱུན་མཐོང་བུད་མེད་ཚན་ཁག་གི་ཚབས་ཆེའི་འབྲས་སྐྲན་ཞིག་ཡིན་པས།ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཞེས་གསུངས་པ་དང་། དེ་རྗེས་ཁོང་གིས་ཉེན་ཁ་ཆེ་བའིHPVའགོས་ནད་དང་མངལ་སྐེའི་འབྲས་སྐྲན་གྱི་འབྲེལ་བའི་རང་བཞིན་དང་། ནད་དུག་འགོ་བའི་ཐབས་ལམ། འགོ་སླ་བའི་མི་ཚོགས། དེ་བཞིན་མངལ་སྐེའི་འབྲས་སྐྲན་གྱི་རིམ་པ་གསུམ་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ལམ། གྲལ་བཤེར་བྱེད་ཐབས།སྨན་བཅོས་བྱེད་ཐབས་བཅས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ་ཚོཊ་ཞུཊ་བུད་མེད་ཀྱིས་བཏོན་པའི་གནད་དོན་ལ་ལན་ཞིབ་ཕྲ་བརྒྱབ་པ་རེད།
ཡུལ་དངོས་སུ་འཆད་ཁྲིད་ལ་ཉན་མཁན་ཧོ་ཅིང་གིས་དགེ་རྒན་ཆེན་མོ་བ་ཐན་ལཊ་ཀྱིས་འཆད་ཁྲིད་ཧ་ཅང་ཡག་པོ་བྱས་སོང་།ཁོང་གིས་མངལ་སྐེའི་འབྲས་སྐྲན་གྱི་ནད་གཞི་ཐོན་ཚུལ་དང་རྒྱུ་རྐྱེན་ལ་འགྲེལ་བཤད་སྐྱོན་ནས་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་བར་མ་ཟད། ཚང་མར་ཇི་ལྟར་བྱས་ཏེ་སྔོན་འགོག་དང་སྨན་བཅོས་བྱེད་དགོས་ལུཊ་གསུངས་པས།ནང་དོན་ཧ་ཅང་ཆ་ཚང་པོ་འདུག འདིས་ང་ཚོའི་རྒྱ་ཆེའི་བུད་མེད་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རང་ཉིད་ལ་སྲུང་སྐྱོང་དང་རང་ཉིད་ཀྱི་བདེ་ཐང་ལ་སེམས་ཁུར་བྱེད་དུ་བཅུག་ཡོད་ཅེས་བཤད།
ད་ཐེངས་ཀྱི་བྱེད་སྒོ་བརྒྱུད།ཐན་ཤན་ཅེས་ཚན་རིག་དང་མཐུན་པའི་བདེ་ཐང་གི་ཤེས་བྱ་བརྒྱུད་སྤེལ་བྱས་པར་མ་ཟད། ད་དུང་བུད་མེད་ཀྱིས་མངལ་སྐེའི་བདེ་ཐང་ལ་མཐོང་ཆེན་བྱེད་ཚད་ཆེ་རུ་བཏང་ནས།མཚོ་བོད་ས་མཐོའི་བུད་མེད་ཀྱི་བདེ་ཐང་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社