分享按钮

གླིང་ཕྲན་གཉིས་ཁྲོམ་གཞུང་གིས“ངས་ས་མཐོར་ཡིག་གཟུགས་སྦྱོང་བ”ཞེས་པའི་སྤྱི་ཕན་སློབ་ཁང་བཙུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གླིང་ཕྲན་གཉིས་ཁྲོམ་གཞུང་གིས“ངས་ས་མཐོར་ཡིག་གཟུཊ་སྦྱོང་བ”ཞེས་པའི་ཡིག་གཟུཊ་འཛིན་གྲྭ་བཙུཊ་ནས་ཏང་འཛུཊ་སྐྱོང་གི་སྣེ་ཁྲིད་འོག་གི“ས་སྲིབ་ཀྱི་སློབ་གྲྭ”ཧུར་ཐག་བཏོད་དེ་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་མང་པོ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

ཟླ་6ཚེས་26ཉིན་གྱི་ས་སྲིབ་ཏུ། གླིང་ཕྲན་གཉིས་ཁྲོམ་གཞུང་གི་རིག་གནས་ས་ཚིཊ་ཀྱི་ཐོག་སོ་གཉིས་པའི་ཡིག་གཟུཊ་སློབ་ཁང་ནང་སྣག་ཚའི་དྲི་ཞིམ་ཕྱོཊ་བཞིར་འཐུལ་བ་དང་། “ངས་ས་མཐོར་ཡིག་གཟུཊ་སྦྱོང་བ”ཞེས་པའི་ཡིག་གཟུགས་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་ཡོད། སློབ་མ་20ལྷག་ཙམ་སྒྲོག་ཙེའི་མདུན་དུ་བསྡད་དེ་དགེ་རྒན་གྱི་ཡིག་གཟུགས་ཤེས་བྱའི་འགྲེལ་བཤད་ལ་ནན་ཏན་ངང་ཉན་བཞིན་ཡོད། སློབ་ཚན་ཐོག་ཡིག་གཟུཊ་དགེ་རྒན་གྱིས་སྤུ་སྨྱུག་འཁྱེར་ནས་ཆེས་རྨང་གཞིའི་སྡོད་སྟངས་དང་འབྲི་སྟངས་ནས་སློབ་ཁྲིད་བྱེད་འགོ་ཚུཊ་པ་དང་དཔེ་སྟོན་བྱེད་ཞོར་དུ་གཙོ་གནད་ནན་བཤད་གནང་བ་དང་། སློབ་མ་ཚོས་ཀྱང་བློ་རྩེ་གཅིག་སྒྲིམ་གྱིས་སྦྱོང་བརྡར་བྱེད་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡིག་གཟུགས་འཛིན་གྲྭའི་སློབ་ཚན་དེ་ཟླ་6ཚེས་26ཉིན་ནས་ཟླ་9ཚེས་11ཉིན་བར་རྒྱུན་མཐུད་འཚོག་རྒྱུ་ཡིན་ཞིང་། གཟའ་འཁོར་རེའི་གཟའ་ཕུར་བུའི་ཆུ་ཚོད་19:30ནས་ཆུ་ཚོད་21:00བར་གླིང་ཕྲན་གཉིས་ཁྲོམ་གཞུང་གི་རིག་གནས་ས་ཚིགས་སུ་འཚོག་རྒྱུ་རེད། སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་། དབུ་ཅན་དང་། འཁྱུག་ཡིག་སོགས་ཡིག་གཟུགས་སྣ་ཚོགས་ཡོད། སློབ་ཁྲིད་དགེ་རྒན་ནི་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་པ་ཁྲེང་པའེ་ཏའོ་ཡིས་འགན་འཁུར་རྒྱུ་རེད།

ཁྲེང་པའེ་ཏའོ་ཡིས་དེ་ནི་ཁྲོམ་གཞུང་གིས་བཏོད་པའི་དུས་ཐེངས་དང་པོའི་ཡིག་གཟུགས་གྲགས་རྟགས་ཀྱི་སློབ་ཚན་ཞིག་ཡིན་པས་ང་ཚོས་ཆེད་ལས་སློབ་ཁྲིད་བརྒྱུད་ས་གནས་དེ་གའི་ཡིག་གཟུགས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད། སློབ་ཚན་གྱིས་འབྲི་རྩལ་སློབ་ཁྲིད་ལ་སྣང་ཆེན་བྱས་པར་མ་ཟད། ཡིག་གཟུགས་རིག་གནས་བརྒྱུད་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུར་དེ་བས་ཤུགས་སྣོན་བརྒྱབ་ཡོད། གཞི་རིམ་གྱི་རིག་གནས་འཐབ་ས་ཞིག་ཡིན་པའི་རིག་གནས་ས་ཚིགས་ཀྱིས་སྲོལ་རྒྱུན་རིག་གནས་ས་མཐོར་སྐྱེ་སྟོབས་གསར་པ་འཕེལ་བར་བྱེད་དགོས་ཞེས་གསུངས།

ད་ཐེངས་ཀྱི་ཡིག་གཟུཊ་སྤྱི་ཕན་སློབ་ཁང་གིས་ཡིག་གཟུཊ་སྒྱུ་རྩལ་དེ་གྲོང་མིའི་ས་སྲིབ་ཀྱི་དུས་སུ་ཁྱབ་པར་བྱས་ནས་ཡིག་གཟུཊ་ལ་དགའ་པོ་བྱེད་མཁན་ཚོར་སློབ་སྦྱོང་སྤེལ་རེས་ཀྱི་ལས་སྟེཊ་ཤིག་བཏོད་པར་མ་ཟད། གླིང་ཕྲན་གཉིས་ཁྲོམ་གཞུང་གིས་ཏང་འཛུཊ་སྐྱོང་གི་ཁྲིད་སྟོན་འོག་རིག་གནས་འཛུཊ་སྐྱོང་དང་མི་རིཊ་མཐུན་སྒྲིལ་གྱི་ལས་དོན་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱས་པ་དེ་བས་མངོན་ཡོད།

སློབ་མ་མཁྱེན་ལྡན་མ་སུན་ལགས་ཀྱིས་ང་རྒྱུན་དུ་ནས་ཡིག་གཟུགས་སྦྱོང་རྒྱུར་དགའ་པོ་ཡོད། སྤྱི་ཕན་སློབ་ཚན་དེ་ལྟ་བུ་ཆེད་ལས་ཡིན་ལ་དམངས་ལའང་སྟབས་བདེ་པོ་ཡོད། ས་སྲིབ་སྐབས་ཀྱི་སློབ་ཁྲིད་ཇུས་འགོད་ནི་ལས་ཀར་འགྲོ་མཁན་ཚོའི་དགོས་མཁོ་དང་ཧ་ཅང་འཚམ་པོ་འདུག ཡིག་གཟུགས་ཀྱིས་བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་ཐུབ་པར་མ་ཟད། ང་ཚོས་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དེ་བས་ཚོར་ཐུབ་ཅེས་གསུངས།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-03 6 6 拉萨日报藏文 c204053.html 1 གླིང་ཕྲན་གཉིས་ཁྲོམ་གཞུང་གིས“ངས་ས་མཐོར་ཡིག་གཟུགས་སྦྱོང་བ”ཞེས་པའི་སྤྱི་ཕན་སློབ་ཁང་བཙུགས་པ། /enpproperty-->