(པར་ངོས་དང་པོར་མཐུད)ཚོཊ་འདུའི་ཐོག རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུཊ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར། གཙོ་གནད་དང་དཀའ་གནད་ལ་དམིཊ་ཏེ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁེ་ལས་ཀྱི་རིན་གོང་དམའ་བ་དང་གོ་རིམ་མེད་པའི་འགྲན་རྩོད་ཀྱི་རྣམ་པར་བཅོས་སྒྲིག་བྱས་ནས་ཁེ་ལས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་དང་། རྗེས་ལུས་ཐེབས་པའི་ཐོན་ནུས་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་དང་འོས་འགུཊ་འོས་དཔོད་ཚད་ལྡན་དུ་བཏང་ནས་འོས་ཐོན་བྱུང་བའི་མཇུག་འབྲས་ལ་དྲང་སྙོམས་རང་བཞིན་གྱི་ཞིབ་བཤེར་བྱེད་ཤུཊ་ཆེ་རུ་གཏོང་དགོས་པ། ས་གནས་ཀྱི་ཚོང་འགུཊ་མ་འདྲེན་ཚད་ལྡན་དུ་གཏོང་བ་དང་། ཚོང་འགུཊ་མ་འདྲེན་གྱི་ཆ་འཕྲིན་ཁྱབ་བསྒྲཊ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུཊ་ཆེན་བཏང་ནས་ཕྱིར་གཏོང་ཚོང་ཟོག་ནང་ཁུལ་དུ་འཚོང་བའི་ཐབས་ལམ་ཤར་བགྲོད་ཡོང་བ་བྱེད་པ་དང་། ཕྱི་ནང་ཉོ་ཚོང་གི་སྤུས་ལེཊ་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་དགོས་པ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས། ཁྲོམ་ར་གཅིག་གྱུར་ཡོང་བར་ཕན་ཐོགས་ཡོད་པའི་ནོར་ཁྲལ་སྒྲིག་གཞི་དང་བསྡོམས་རྩིས་ཞིབ་རྩིས་ལམ་ལུཊ། ཡིད་རྟོན་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས་པ། ལས་བྱེད་པས་ཡང་དག་པའི་སྲིད་དོན་བྱས་རྗེས་ལྟ་བ་འཛུཊ་པ་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱས་ནས་སྤུས་ཚད་མཐོའི་གོང་འཕེལ་གྱི་དཔྱད་ཞིབ་མ་ལག་དང་ལས་བྱེད་པའི་སྲིད་དོན་བྱས་རྗེས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
ཚོཊ་འདུའི་ཐོག རྒྱ་མཚོའི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར། གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་སྔར་ལས་ལྷག་པ་དང་། ནུས་ཆེའི་མཐུན་སྦྱོར་ལ་མཐོང་ཆེན་སྔར་ལས་ལྷག་པ། ཐོན་ལས་གསར་སྒྱུར་ལ་མཐོང་ཆེན་སྔར་ལས་ལྷག་པ། མི་དང་རྒྱ་མཚོ་ཞི་མཐུན་ཡོང་བར་མཐོང་ཆེན་སྔར་ལས་ལྷག་པ། མཉམ་ལས་མཉམ་རྒྱལ་ལ་མཐོང་ཆེན་སྔར་ལས་ལྷག་པ་བཅས་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
ཚོཊ་འདུའི་ཐོག རྒྱ་མཚོའི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུཊ་ཆེ་རུ་བཏང་ནས། སྤྱི་ཚོཊ་ཀྱི་མ་རྩ་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་ཧུར་ཐག་ཞུཊ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། རྒྱ་མཚོའི་ཚན་རྩལ་གྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་། རྒྱ་མཚོའི་འཐབ་ཇུས་ཚན་རྩལ་སྟོབས་ཤུཊ་ཆེ་རུ་བཏང་ནས། རྒྱ་མཚོའི་ཚན་རྩལ་སྣེ་ཁྲིད་ཁེ་ལས་དང་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། རྒྱ་མཚོའི་ཐོན་ལས་རྒྱ་སྟོབས་ཆེ་བ་དང་སྤུས་ལེཊ་ཡོང་བ་བྱེད་པ་དང་། མཚོ་ཐོག་གི་རླུང་གློག་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འཛུཊ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཐག་རིང་རྒྱ་མཚོའི་ཉ་འཛིན་ལས་སྒོ་འཕེལ་རྒྱས་གཏོང་བ། རྒྱ་མཚོའི་སྐྱེ་དངོས་སྨན་རྫས་དང་སྐྱེ་དངོས་ཐོན་རྫས་འཕེལ་རྒྱས་གཏོང་བ། རྒྱ་མཚོའི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་བྱ་ཡུལ་གཏོད་པ་བཅས་བྱས་ནས། མཚོ་ཐོག་སྐྱེལ་འདྲེན་ལས་རིཊ་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། མཚོ་ཁུག་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ཞིབ་འཇུག་བྱ་རྒྱུར་ཤུཊ་སྣོན་བརྒྱབ་ནས་མཚོ་འགྲམ་གྲུ་ཁའི་ཁྱུ་ཚོཊ་ལེཊ་སྒྱུར་སྡེབ་སྒྲིག་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། རྒྱ་མཚོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་མཚོ་ཁོངས་ཕྱོཊ་བསྡུས་བཅོས་སྒྲིག་བྱེད་པའི་ལས་དོན་མུ་མཐུད་ལག་བསྟར་བྱེད་པ། མཚོ་ཁོངས་རིམ་དབྱེ་ལངས་གཟུཊ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱ་མཚོའི་ཐཱན་བསྡུ་ཞིབ་རྩིས་ལས་དོན་སྤེལ་རྒྱུ་འཚོལ་ཞིབ་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་རྒྱ་མཚོ་བཅོས་སྒྲིག་ནང་གཏིང་ཟབ་ཞུགས་ནས། གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཚན་ཞིབ་བརྟག་དཔྱད་དང་གནོད་འགོག་གེཊ་སེལ། རྒྱ་མཚོའི་དཔལ་འབྱོར་མཉམ་ལས་བཅས་ལ་ཤུཊ་སྣོན་རྒྱག་དགོས་ཞེས་བསྟན་ཡོད།
ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོཊ་འདུར་ཞུཊ་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཚོཊ་འདུར་ཟུར་ཞུཊ་གནང་ཡོད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社