(པར་ངོས་དང་པོར་མཐུད)བྱེད་སྒོའི་ནང་མལ་གྲོ་གུང་དཀར་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་སྲིད་གྲོས་ཏང་ཙུའུ་ཡི་སྒྲོག་འགྲེལ་མི་སྣས་ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་ཀྱི་བྱས་རྗེས་དེང་འདིར་བཞག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་འབྱུང་ཁམས་འདུ་འགོད་ནི་མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ལས་གྲྭ་ལག་བསྟར་བྱས་ཚུན་མིག་སྔའི་བར་ཤིང་སོན་རྐང་1612769འདེབས་འཛུགས་བྱས་ཟིན་པ་དང་། མུའུ་ཁྲི་1.68ཀྱི་སྔོ་འགྱུར་དམིགས་ཚད་ལེགས་གྲུབ་ཟིན་ཡོད། མང་ཚོགས་3541ལ་ལས་ཞུགས་འབབ་འཕར་བྱུང་ནས་ས་མཐོའི་འབྱུང་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ཡོད།
སྒྲོག་འགྲེལ་པ་ལྷག་པ་ཚེ་རིང་གིས་དེ་སྔ་སྐྱ་ཐེར་ཐེར་གྱི་རི་མགོ་ད་ཆ་སྔོ་ལྗང་ཅན་དུ་གྱུར་ཡོད། ང་ཚོ་སྒོ་འགྲམ་དུ་ལས་ཞུཊ་ཐུབ་པས་དེ་ནི་གཉིས་ཕན་གྱི་སྲིད་ཇུས་བཟང་པོ་ཞིག་རེད་ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།
ས་གཤིས་ཀྱི་གནོད་འཚེ་ཡང་ཡང་ཐོན་པའི་གནད་དོན་ལ་དམིགས་ནས་མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཕྱོཊ་ཡོངས་ནས་གྲལ་བཤེར་བྱས་ཏེ་ཞིང་འབྲོག་པའི་སྡོད་ཁང་9200ལྷག་ཙམ་ལ་གྲལ་བཤེར་བྱས་ཤིང་། “དཔྱིད་རླུང་བྱ་སྤྱོད”ཀྱི་དམངས་ཕན་འདུ་འགོད་གསར་གཏོད་དང་ལག་བསྟར་བྱས་ནས་ལོ་གསུམ་རིང་རྫོང་ཡོངས་སུ་མངོན་མེད་རྐྱེན་ངན་ལྡན་པའི་སྡོད་ཁང་རིམ་སྤོར་སྒྱུར་བཀོད་བྱ་རྩིས་ཡོད་པ་རེད། 2025ལོར་སྔོན་དཔག་བྱས་ན་ཉེན་ཡོད་སྡོད་ཁང་1821སྒྱུར་བཀོད་ཟིན་རྒྱུ་དང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་2.6གཏོང་རྒྱུ་རེད། སྒྲོག་འགྲེལ་ཚོཊ་འདུའི་ཐོག་སྒྲོག་འགྲེལ་མི་སྣས་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་དཔེ་མཚོན་དཔེ་རུ་དྲངས་ཏེ་མང་ཚོཊ་ལ་སྲིད་ཇུས་ཀྱི་ཞིབ་ཕྲའི་ནང་དོན་དང་རེ་ཞུའི་བརྒྱུད་རིམ་གསལ་བཤད་བྱས་པ་རེད།
སྒྲོག་འགྲེལ་པ་ཆོས་གྲཊ་ཀྱིས་ན་ནིང་ངའི་སྡོད་ཁང་ལ་གཏོར་སྐྱོན་ཕོག་རྗེས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མགྱོཊ་མྱུར་བྱ་སྤྱོད་སྤེལ་ཏེ‘དཔྱིད་རླུང་བྱ་སྤྱོད’ཀྱི་དམངས་ཕན་སྲིད་ཇུས་དུས་ཐོག་ཏུ་བཏོན་ནས་མང་ཚོཊ་ཀྱི་བདེ་སྡོད་ཕུཊ་འདུན་མངོན་འགྱུར་བྱས་བྱུང་ཞེས་རང་ཉིད་ཀྱི་མྱོང་བ་མཉམ་སྤྱོད་བྱས་ཡོད། གསར་འགོད་པར་ཤེས་རྟོཊ་བྱུང་བར་གཞིཊ་ན། མང་ཚོཊ་དེ་བས་མང་བར་ཕན་པ་ཐོབ་པར་བྱ་ཆེད། མལ་གྲོ་གུང་དཀར་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས་འཐུས་མི་དང་ཨུ་ཡོན་སྒྲིག་འཛུཊ་བྱས་ནས་དུད་ཚང་དུ་འཚམས་འདྲིར་བསྐྱོད་དེ་ཆ་རྐྱེན་འཛོམས་པའི་ཁྱིམ་ཚང་ལ་སྲིད་ཇུས་ཤེས་རྟོཊ་དང་ཁ་གསབ་རེ་ཞུ་བྱ་རྒྱུར་གཞོགས་འདེཊ་བྱས་ཡོད།
ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོས་མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་དམངས་འཚོའི་ཁྱབ་ཁོངས་ཁག་ནས་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། སློབ་གསོའི་ཐད། 2021ལོ་ནས་2025ལོའི་བར་མལ་གྲོ་གུང་དཀར་རྫོང་རིམ་པ་དེ་གའི་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སློབ་གསོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་7.8ལྷག་ཙམ་ཟིན་པ་དང་ནོར་སྲིད་ཀྱི་མ་དངུལ་གཏོང་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆ་21ལྷག་ཙམ་ཟིན་ཡོད། དེའི་ནང་སྒོར་དུང་ཕྱུར་2.91ལྷག་ཙམ་སློབ་གྲྭའི་མཁྲེགས་ཆས་འཛུགས་སྐྲུན་ཐད་སྤྱད་ཅིང་། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་ཉལ་ཁང་སྒྱུར་བཀོད་དང་། སློབ་མའི་ཉལ་ཁང་འཛུགས་སྐྲུན། འགྱིག་བཟོའི་ལུས་རྩལ་ཐང་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ། 2023ལོར་རྫོང་ཡོངས་ཀྱི་སློབ་གྲྭར་དྲོད་རླངས་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པ་དང་འབྲེལ་སློབ་མ་བསུ་སྐྱེལ་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ལམ་ཐིག་ཤར་གཏོང་ཐུབ་ནས་སློབ་གཉེར་གྱི་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་སུ་ཕྱིན་ཡོད། སྨན་བཅོས་ཐད། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.5བཏང་ནས་རྫོང་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་ལག་རྩལ་ཕྱོགས་བསྡུས་ཐོག་ཁང(རིམ་པ་དེ་གའི་སྡེབ་སྒྲིག་སྒོར་ཁྲི་4500ཟིན་པ་དང་སྔོན་དཔག་བྱས་ན་2025ལོའི་ཟླ་8པར་ལས་མཇུག་འགྲིལ་རྒྱུ)གསར་དུ་བསྐྲུན་པ། མ་དངུལ་སྒོར་ཁྲི་3865.17བཏང་ནས་རྫོང་མི་དམངས་སྨན་ཁང་གི་ནད་སྡོད་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་བསྐྲུན་པ་དང་། ཉལ་ཁྲི་100གསར་དུ་བསྣན་པ། ལྷ་སའི་རྫོང་རིམ་པའི་རིམ་བརྒྱའི་ཚད་ལྡན་ཅན་གྱི་གཤགས་བཅོས་ཁང་2བསྐྲུན་པ། རིམ་པ་དེ་གའི་མ་དངུལ་སྒོར་ཁྲི་3500བཏང་ནས་ནད་བརྟག་སྨན་བཅོས་ཁུལ་གྱི་ཞོར་གཏོགས་ལས་གྲྭ་ལག་བསྟར་བྱས་པ། རྨང་གཞིའི་སྒྲིག་བཀོད་ཐད། 2021ལོ་ནས་2025ལོའི་བར་མ་དངུལ་སྒོར་དུང་ཕྱུར་1.2འདེགས་སྐྱོར་དུ་བྱས་ཏེ་མ་ལག་ལྡན་པའི་སྒོ་ནས་རྣམ་གྲངས་20ལྷག་ཙམ་གྱི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་གྲྭར་སྐུལ་འདེད་བཏང་བ་རེད། 2021ལོར་ཞིང་འབྲེལ་བསྡུ་སྒྲིལ་མ་དངུལ་ལ་བརྟེན་ནས་གྲོང་ཚོ་11གི་འགྲོ་ལམ་སྒྱུར་བཀོད་བྱས་པ་དང་། 2024ལོ་ནས་2025ལོའི་བར་ཐག་རིང་ལུང་ཁུག་གི་གྲོང་ཚོ་དང་ཚོགས་ཆུང་གི་འགྲིམ་འགྲུལ་སྟབས་བདེ་མེད་པའི་གནད་དོན་ལ་དམིགས་ནས་རྒྱ་མ་ཤང་ཁྲི་ཁང་གྲོང་ཚོའི་ཚོགས་ཆུང་4པ་དང་5པ(སྒོར་ཁྲི་1000)དང་། ཐང་སྐྱ་ཤང་གྲོང་གཉིས་གྲོང་ཚོ་དང་དེ་བཞིན་མོ་གྲོང་གྲོང་ཚོ(སྒོར་ཁྲི་1723.84)སོགས་སུ་གཙོ་གནད་རྣམ་གྲངས་ལག་ལེན་བསྟར་ནས་གྲོང་གསེབ་ཀྱི་འགྲོ་ལམ་གྱི་མཐའ་མའི་འགག་གནད་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པར་བྱས་ཏེ་ཞིང་འབྲོག་པའི་ཕྱིར་སྐྱོད་དཀའ་བའི་གནད་དོན་བསལ་ཡོད། ཁོར་ཡུག་བཅོས་སྒྲིག་ཐད། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3.08ཙམ་བཏང་ནས་རྣམ་གྲངས་40ལག་བསྟར་བྱས་པ་དེ་དག་སྡོད་གནས་དང་།གྲོང་དོན། གཟུགས་བརྙན་སོགས་ཁྱབ་ཁོངས་ཆེན་པོ་བརྒྱད་ལ་ཁྱོན་ཡོངས་ནས་ཁྱབ་སྟེ་ཡུལ་མིར་དེ་བས་སྤུས་ལེགས་ཀྱི་འཚོ་བའི་ཁོར་ཡུག་བཏོད་ཡོད།
སྒྲོག་འགྲེལ་པ་སྐར་རྡོར་གྱིས་ཕ་ཡུལ་ཉིན་རེ་ལས་མ་འདས་པར་མཛེས་སུ་འགྲོ་སྐབས་ང་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་མང་ཚོཊ་ཀྱི་སེམས་སྒྲ་མཚོན་པའི་ཐོག་ནས་བཤད།
མལ་གྲོ་གུང་དཀར་རྫོང་གི་ཤང་དྲུག་དང་གྲོང་རྡལ་གཉིས་ཀྱི“འཐུས་མི་གཉིས་དང་ཨུ་ཡོན་གཅིག”གིས་འཐུས་མིའི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་སྲིད་ཇུས་དྲིལ་བསྒྲགས་པ་དང་། དམངས་ཚུལ་འབྲེལ་གཏུག་པ། ལས་དོན་ལྟ་སྐུལ་པ་བཅས་ཡག་པོ་བྱས་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པར་མ་ཟད མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི་ཐུན་མོང་གི་ངོས་འཛིན་ཡང་གཅིག་ཏུ་འགྲིལ་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མལ་གྲོ་གུང་དཀར་རྫོང་གིས་དམངས་འཚོའི་དགོས་མཁོ་ཕྱོཊ་སྟོན་དུ་བྱེད་པ་དང་འབྱུང་ཁམས་འཛུཊ་སྐྱོང་དམ་འཛིན་བྱ་གཞིར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམ་རྒྱུ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社