ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་1ཉིན།ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་ལས་ཁུངས་ཀྱི“ཕུལ་བྱུང་གཉིས་དང་། སྔོན་ཐོན་གཅིག”ལ་གཟེངས་བསྟོད་དང“སྟོབས་ཆེན་བཞིའི”ཏང་ཀྲི་པུར་བྱང་བུ་སྤྲོད་པའི་ཚོགས་འདུ་འཚོགས་ཤིང་། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་གཞག་ཁྲོད་ཐོན་པའི“ཕུལ་བྱུང་གི་གུང་ཁྲན་ཏང་ཡོན”དང་། “ཕུལ་བྱུང་གི་ཏང་དོན་ལས་དོན་པ” “སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས” “སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་བཅས་ལ་གཟེངས་བསྟོད་དང་བྱང་བུ་སྤྲད་ཡོད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀྲང་ཁྲུན་དབྱང་གིས་ནན་གསུངས་གནང་དོན། གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ནི་ས་གནས་བཅོས་སྐྱོང་ཁྲོད་ཀྱི་ཏང་གི་འགག་རྩའི་དམག་འཐབ་མཁར་རྫོང་ཞིག་ཡིན་པས་ཆབ་སྲིད་ཀྱི་ནུས་པ་ཆེ་བ་དང་། ཀྲི་པུའུ་ཚན་ཁག་སྟོབས་ཆེ་བ། ཏང་ཡོན་གྱི་དཔུང་ཁག་སྟོབས་ཆེ་བ། ནུས་པ་ཆེ་བ་བཅས་ཀྱི“སྟོབས་ཆེན་བཞིའི་ཏང་ཀྲི་པུའུ”ནི་དུས་རབས་གསར་པར་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ལྟེ་བའི་བླང་བྱ་མཐོ་རུ་གཏོང་བ་དང་།“སྟོབས་ཆེན་བཞིའི་ཏང་ཀྲི་པུའུ”གཏོད་རྒྱུ་ནི་གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་ལས་ཁུངས་ཀྱི་གཞི་རིམ་ཁག་གི་ཏང་རྩ་འཛུགས་ཀྱི་ཐུན་མོང་གི་དམིགས་འབེན་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ཆབ་སྲིད་ཀྱི་ནུས་པ་ཆེ་བར”དམིགས་ནས་བསམ་བློའི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། “ཀྲི་པུའུ་ཚན་ཁག་སྟོབས་ཆེན”ལ་དམིགས་ནས་སྲོག་ཤིང་སྲ་བརྟན་དུ་གཏོང་བ་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་དགོས། “ཏང་ཡོན་གྱི་དཔུང་ཁག་སྟོབས་ཆེན”ལ་དམིགས་ནས་ཕྲ་ཕུང་གི་གསོན་ཤུགས་འཕེལ་བ་དང་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་ཉམས་འགྱུར་གསར་པ་དང་། ངར་ཤུགས་གསར་པ། སྤྱོད་ཚུལ་གསར་པ་བཅས་ལ་བརྟེན་ཐོག་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངོ་མཚར་ཆེ་བའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
ཚོགས་འདུའི་ཐོག་ཚོགས་ཞུགས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་འཐུས་མི་དང“སྟོབས་ཆེན་བཞིའི”ཏང་ཀྲི་པུའི་འཐུས་མིར་གཟི་བརྗིད་མཚན་སྙན་ལག་ཁྱེར་དང་། གཟེངས་བསྟོད་རྟགས་མ། བྱང་བུ་བཅས་སྤྲད་པར་མ་ཟད། “ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”“སྟོབས་ཆེན་བཞིའི”ཏང་ཀྲི་པུའི་འཐུས་མིས་གཏམ་བཤད་སྤེལ་རེས་ཀྱང་བྱས་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社