分享按钮

ཏང་འཛུགས་ལོ་རྒྱུས་བསྐྱར་དྲན་གྱིས་གསར་བརྗེའི་རྗེས་ཤུལ་འཚོལ་ལ་འབད།

རང་གྲོང་གི་ཚན་པ་ཁག་དང་རྫོང(ཆུས)ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས“བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་104འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉིན་ཤས་བསྟུད་མར་རང་གྲོང་གི་ཚན་པ་ཁག་དང་རྫོང(ཆུས)ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས“བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་གཙོ་དོན་བྱེད་སྒོ་སྤེལ་ནས་བསམ་བློའི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྡུད་དང་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ཡོད།

གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཁོངས་གཏོགས།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་104འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉིན་ཤས་གོང་། གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཁོངས་གཏོགས་ཀྱིས་གླིང་སྤྱིའི་གསོལ་མགྲོན་ཁང་གི་བོད་ལྗོངས་ཚོམས་ཆེན་དུ“བདུན་གཅིག”ཏང་གི་ཉིན་མོར་བསྟོད་གླུ་འབུལ། གཞུང་ཁོངས་རྒྱུ་ནོར་གྱི་ཉམས་འགྱུར་མངོན་ཞེས་པའི་རིག་རྩལ་མཉམ་འཁྲབ་བྱས་པ་རེད།

འཁྲབ་སྟོན་མ་བྱས་གོང་ཏང་ཡོན་ཡོངས་ཀྱིས་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་བྱས་ཡོད། དེ་རྗེས་གཙོ་སྐྱོང་བས་དཔའ་ཉམས་དོད་པོས་འགོ་ཚུགས་པ་དང་བསྟུན་ནས་གྲོང་ཁྱེར་མ་འཇོག་ཀུང་སི་དཔལ་རོལ་ཚོགས་པས་འཁྲབ་པའི་ཞབས་བྲོ《བྲོ་ཞིག་འཁྲབ་ཤོག》ཅེས་པའི་ཁྲོད་འཁྲབ་སྟོན་འགོ་ཚུགས་པ་རེད། ད་ཐེངས་ཀྱི་མཉམ་འཁྲབ་ནང་གསར་བརྗེའི་རྒྱུན་འཛིན་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། དུས་རབས་ཀྱི་འགན་འཁྲི་བཅས་མཉམ་འདྲེས་བྱས་པ་དེ་ནི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པ་ཞིག་ཡིན་ལ་བསམ་བློར་བློ་སྦྱོང་གཏིང་ཟབ་བྱས་པ་ཞིག་དེ་བས་ཀྱང་ཡིན། 《བྲོ་ཞིག་འཁྲབ་ཤོག》ཅེས་པ་ནས《ང་ཚོས་བཀྲ་ཤིས་རྟེན་འབྲེལ་ཞུ》ཞེས་པའི་བར་ལེ་ཚན་16གིས་ལོ་བརྒྱའི་འོད་སྟོང་འཕྲོ་བའི་རྒྱང་སྐྱོད་ཀྱི་ལམ་བུར་བསྟོད་གླུ་ཕུལ་བར་མ་ཟད། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ལྷ་སའི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འབད་འཐབ་ཀྱི་དུང་བརྡ་ཡང་བཏང་ཡོད།

གྲོང་ཁྱེར་སྨན་བཅོས་འགན་སྲུང་ཁོངས་གཏོགས།

ཟླ་6ཚེས་30ཉིན།གྲོང་ཁྱེར་སྨན་བཅོས་འགན་སྲུང་ཁོངས་གཏོགས་ཀྱིས་སེམས་པ་དམར་པོ་ཏང་ལ་ཕྱོགས་ནས་ཐོག་མའི་བསམ་འདུན་སྲུང་། སྨན་བཅོས་འགན་བཅོལ་གྱིས་དམངས་ལ་ཕན་པ་འདོགས་ཞེས་པ་དང་།ཏང་དར་འོག་གི་དམ་བཅའ་ཞེས་པའི་གཙོ་དོན་བྱེད་སྒོའི“བདུན་གཅིག”རིག་རྩལ་འཁྲབ་སྟོན་བྱས་པ་རེད།

རྣམ་རྒྱལ་གླིང་གྲོང་ཚོར་བཅའ་སྡོད་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱི་ལས་དོན་རུ་ཁག་གིས་འཁྲབ་པའི་ཞབས་བྲོ《ནམ་ཡང་ཏང་གི་རྗེས་སུ་འབྲངས》ཞེས་པའི་ཁྲོད་འཁྲབ་སྟོན་འགོ་ཚུགས་ཡོད། སྙེ་མོ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང(སྨན་བཅོས་འགན་སྲུང)ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་བླངས་པའི་མཉམ་གཞས《ཀྲུང་གོ་ཆེན་མོ》ཞེས་པས་མི་རིགས་ཁག་གི་བུ་ཕྲུག་ཚོས་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་ཚད་མེད་བྱེད་ལུགས་མཚོན་ཡོད། སྟོད་ལུང་བདེ་ཆེན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང(སྨན་བཅོས་འགན་སྲུང)ཅུས་ཀྱིས་རྩོམ་སྒྲིག་ཞིབ་ཚགས་བྱས་པའི་འཁྲབ་ཚན་ཐུང་གྲས《བདེ་ཐང་ནི་བདེ་སྐྱིད་ཡིན》ཞེས་པ་དེས་འཚོ་བ་དང་ཉེ་བཅར་གྱི་ལྟ་ཕྱོགས་དང་དགོད་བྲོ་བའི་འཁྲབ་སྟོན་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱིས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་དོན་སྙིང་ཟབ་མོ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་པས་ས་ཡུལ་དངོས་ཀྱི་ལྟད་མོ་བའི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།

ད་ཐེངས་ཀྱི་བྱེད་སྒོ་ནི་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཁོངས་གཏོགས་ཀྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གཞི་རྟེན་གལ་ཆེན་ཞིག་རེད། བྱེད་སྒོ་དེ་སྒྱུ་རྩལ་སྨྱན་སྦྱོར་དུ་བྱས་ནས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་བརྩེ་སེམས་ཟབ་མོས་བསྔགས་བརྗོད་བྱས་ཏེ་དུས་རབས་གསར་པའི་སྨན་བཅོས་འགན་སྲུང་བའི་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ཕོད་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ།

ཉེ་ཆར།ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་104འཁོར་བར་རྟེན་འབྲེལ་ཞུ་བ་དང“ཏང་དར་འོག་གི་དམ་བཅའ་ལས་ངའི་སེམས་པ་ཏང་ལ་ཕྱོགས”ཞེས་པའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད།

འཁྲབ་སྟོན་དེ《བཀྲ་ཤིས་ཞོལ་པ》འཁྲབ་སྟོན་བྱས་པ་དང་བསྟུན་ནས་འགོ་ཚུགས་ཤིང་། དེ་རྗེས་རྐྱང་གཞས་དང་། ཞབས་བྲོ། མཉམ་གཞས་སོགས་ལེ་ཚན་10ལྷག་ཙམ་རེས་མོས་ངང་འཁྲབ་སྟོན་བྱས་པས་ཡུལ་དངོས་ཀྱི་རྣམ་པ་སྤྲོ་བས་ཁེངས། ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོན་ལས་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ལ་ངོ་མཚར་ཆེ་བའི་ལྟད་མོ་ཆེན་པོ་ཞིག་བལྟ་རྒྱུ་བྱུང་ཡོད་ལ།རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གཅེས་རྒྱལ་གཅེས་ཀྱི་སྤྲོ་སེམས་སྔར་བས་སྐུལ་སློང་ཐུབ་པ་དང་།ཚང་མས་ཏང་གི་འགོ་ཁྲིད་འོག་སྤྲོ་སེམས་སྔར་བས་ཆེ་བ་དང་འཐབ་འཛིང་གི་སྙིང་སྟོབས་ཆེན་པོའི་ཐོག་ནས་རྒྱང་ལམ་གསར་པའི་ཐོག་འབད་བརྩོན་བྱས་ཏེ།དེ་བས་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་མ་ཡང་ཐེབས་ཡོད།

སྟོད་ལུང་བདེ་ཆེན་ཆུས།

ཉེ་ཆར།སྟོད་ལུང་བདེ་ཆེན་ཆུས་ཨུད་སྤྱི་ཚོགས་ལས་དོན་པུའུ(ལས་དོན་ཨུ་ལྷན་གསར་པ་གཉིས)དང་སྟོད་ལུང་བདེ་ཆེན་ཆུས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་བོད་ལྗོངས་ས་མཐོའི་རྟ་དམག་ཧྲག་པོ་རྒྱ་སྐྱེད་ཀྱི་རྟེན་གཞིར་ཏང་འཛུགས་སྐྱོང་གི་ཁྱད་ཆོས་ལྡན་པའི་བྱེད་སྒོ་མཉམ་དུ་གཉེར་བ་རེད།ད་ཐེངས་ཀྱི་བྱེད་སྒོ་དེ“ཏང་དར་འོག་གི་དམ་བཅའ”དང“ལོ་དྲུག་ཅུར་འབད་བརྩོན་དང་དུས་རབས་གསར་པར་འབད་བརྩོན་བྱེད”ཅེས་པ་གཙོ་དོན་དུ་བྱས་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་རྡལ(ཁྲོམ་གཞུང)ཁག་དང་། གཞུང་ཁོངས་མིན་པའི་ལས་རིགས།“ཁེ་ལས་ཆུང་གྲས་དང་།སྒེར་གཉེར་ཚོང་དུད།ཆེད་ལས་ཁྲོམ་ར”སོགས་ཀྱི་ཏང་རྩ་འཛུགས་གསར་པ་གཉིས་ལ་ཁྱབ་ཡོད།

བྱེད་སྒོའི་ཐོག་དམག་སྐྱོད་སྦྱོང་བརྡར་དང་།ལད་ཟློས་འཐབ་རྩོད།ཕྱི་རོལ་ལག་ལེན་སོགས་ཀྱི་རྣམ་གྲངས་མང་པོ་བཀོད་སྒྲིག་བྱས་ཡོད་ཅིང་།“ལམ་གཉིས་ཀྱི་སྙིང་སྟོབས”སོགས་ཀྱི་ནང་དོན་ཐབས་མཁས་ངང་མཉམ་འདྲེས་བྱས་ནས་ཏང་ཡོན་གྱིས་ལག་ལེན་ཁྲོད་ཏང་གཤིས་སྦྱོང་བརྡར་བྱེད་པ་དང་འགྲན་སློང་ཁྲོད་ཐོག་མའི་བསམ་འདུན་དང་ལས་འགན་ལག་ལེན་བསྟར་དུ་བཅུག་ཡོད། སྣ་མང་ཅན་གྱི་བྱེད་སྒོའི་རྣམ་པ་དེས་གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་མཉམ་འབྲེལ་ངང་འཛུགས་སྐྲུན་དང་སྤེལ་རེས་བྱེད་པའི་སྟེགས་བུ་བརྟན་པོ་ཞིག་བཙུཊ་པར་མ་ཟད། ཏང་རྩ་འཛུགས་ཁག་དབར་ཐོན་ཁུངས་མཉམ་སྤྱོད་དང་ཉམས་མྱོང་དཔྱད་གཞིར་འཛིན་པར་སྐུལ་འདེད་ནུས་ལྡན་ཐུབ་ཡོད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་དེས་རྒྱ་ཆེའི་ཏང་ཡོན་རྣམས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཁྲོད་ཐོག་མའི་བསམ་འདུན་བརྟན་སྲུང་དང་འཇོན་ཐང་སྦྱོང་བརྡར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་སྡེབ་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ནས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་མཐོ་ཚད་གསར་པའི་ཐོག་བསྐྱོད་རྒྱུར་རོགས་རམ་ཐུབ་ཡོད།

གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པ།

ཉེ་ཆར། གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པས“ཏང་དར་འོག་གི་དམ་བཅའ”ཞེས་པའི་2025ལོའི“བདུན་གཅིག”གི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་འདི་ཉིད་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཡོད། དེ་རྗེས་ཏང་ཡོན་གསར་པ་ཚོས་སེམས་འགུལ་དང་སྤོབས་སེམས་ཆེན་པོ་བཅངས་ནས་ཏང་གི་དར་ཆའི་འོག་ཏུ་དམ་བཅའ་བཞག་སྟེ་གཟི་བརྗིད་ལྡན་པའི་མཉམ་སྡེབ་སྟེ་ཀྲུང་གོ་གུང་ཁྲན་ཏང་གི་ཁོངས་མིར་དངོས་སུ་གྱུར་ཡོད། ཏང་ཡོན་རྒན་གྲས་ཚོས་ཏང་ཡོན་གསར་པར་ཏང་རྟགས་བཏཊ་ནས་ཁོང་ཚོས་སླད་ཕྱིན་གྱི་ལས་དོན་དང་འཚོ་བའི་ཁྲོད་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་ཚད་གཞིར་བརྟེན་ནས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ལྕག་སྐུལ་བྱས་པ་རེད།

གླུ་གཞས་འགྲན་བསྡུར་གྱིས་བྱེད་སྒོ་འདི་ཉིད་འཁྲུག་ཆ་དོད་དུ་བཏང་ཡོད། སྡེ་ཚན་མི་འདྲ་བ་ནས་ཡོང་བའི་འགྲན་ཞུགས་དཔུང་ཁག་གིས་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་སྐད་གསང་མཐོན་པོའི་གླུ་སྒྲས་ཏང་ལ་བརྩེ་སེམས་ཟབ་མོ་བཅངས་ལུགས་མཚོན་པར་བྱས་པ་དང་། ཏང་ཡོན་ཚོས་ཏང་དང་མེས་རྒྱལ་ལ་དགའ་ཞེན་བྱེད་ལུགས་མཚོན་པར་བྱས་པ། དུས་རབས་གསར་པའི་ཏང་ཡོན་གྱི་ཧུར་བརྩོན་ཡར་ཐོན་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་བཅས་མངོན་པར་བྱས་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-03 རང་གྲོང་གི་ཚན་པ་ཁག་དང་རྫོང(ཆུས)ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས“བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ། 6 6 拉萨日报藏文 c204050.html 1 ཏང་འཛུགས་ལོ་རྒྱུས་བསྐྱར་དྲན་གྱིས་གསར་བརྗེའི་རྗེས་ཤུལ་འཚོལ་ལ་འབད། /enpproperty-->