(པར་ངོས་དང་པོར་མཐུད)“གཙོ་གནད་གྲོང་ཚོ”38ཀྱི་རྨང་བརྟན་བཅོས་སྒྲིག་བཅས་ལ་སྐུལ་འདེད་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་མཁར་རྫོང་གི་ནུས་པ་ཆེ་རུ་བཏང་ཡོད། གཞུང་ཕྱོགས་ནས་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དྲ་མིག་ཅན་གྱི་ཏང་རྩ་འཛུགས་1680དང་། ཐོག་བརྩེགས་ཅན་གྱི་ཏང་ཚོགས་ཆུང་600ལྷག་ཙམ། ཏང་ཡོན་ལྟེ་བའི་དུད་ཚང་ཁྲི་3ལྷག་ཙམ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་རྩ་འཛུགས་ཀྱི་བཅོས་སྒྲིག་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། འཕྲེད་ཕྱོགས་ནས་རྒྱ་སྐྱེད་གཏོང་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་རིམ་པ་གཉིས་ཀྱི་ཏང་ཨུད་ཆེན་མོ་དང་ལས་དོན་ཨུ་ལྷན་ཆེན་མོ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཆུས་སུ་བཅའ་སྡོད་བྱེད་མཁན་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་ཁྱོན་ཡོངས་ནས་བསྡུ་རུབ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི“ཡོད་པ་གསུམ”གྱི་ཚད་གཞིའི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་བརྒྱ་ཆ་91.7ཟིན་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་བརྒྱ་ཆ་100ཟིན་པས། ཏང་རྩ་འཛུགས་ཀྱི་རྨང་གཞི་སྔར་ལས་རྒྱ་སྐྱེད་དང་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་འགྲིལ་བར་བྱས་ཡོད།
དེ་དང་ཆབས་ཅིག་སྟོབས་ཤུགས་བཀོད་སྒྲིག་ལེགས་སུ་བཏང་ནས་དྲ་མིག་པ་3246གདན་ཞུ་བྱས་པ་དང་། ཁག་བཅུ་གསུམ་པའི་གྲོང་ཚོར་བཅའ་སྡོད་ཀྱི་ལས་བྱེད་པ་1360མངགས་པ། ཁག་གསུམ་པའི་སྡེ་ཁུལ་གྱི་ལས་དོན་པ་1214གདན་ཞུ་བཅས་བྱས་ཡོད། ནུས་པ་འདོན་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པ་དང་། གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པ། སྡེ་ཁུལ་གྱི་ལས་དོན་པ། རྩ་འཛུགས་གསར་པ་གཉིས་ཀྱི་ཏང་ཡོན་སོགས“འབྱོར་ཐོ་འགོད་པ་གཉིས”ཀྱི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་གཏོང་བ། རྒྱུན་རྣམ་ཅན་གྱི“སྒོ་རྡུང་དྲིལ་བརྡ”དང“ཆ་སྒྲིག་གཉེན་འཚོལ”གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། ཁྲེང་ཀོན་ཆུས་ཀྱིས་དྲ་མིག་པས་མང་ཚོགས་ངོ་ཤེས་པ་དང་། མང་ཚོགས་ཀྱིས་དྲ་མིག་པ་ངོ་ཤེས་པ། དྲ་མིག་པས་མང་ཚོགས་སྐུལ་ཁྲིད་བྱས་ནས་མང་ཚོགས་ཕན་ཚུན་ངོ་ཤེས་པ་བཅས“ངོས་ཤེས་གསུམ”གྱི་བྱེད་སྒོ་སྤེལ་ཡོད། གསར་དར་སྟོབས་ཤུགས་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ།སྡེ་ཁུལ་དང་ཚོང་ལས་ཁུལ་གྱི་ཐོག་བརྩེགས་ཁང་ཆེན་ལ་བརྟེན་ནས་མྱུར་སྐྱེལ་ཟོག་འགྲེམས་དང་ཕྱིར་ཚོང་སྡེབ་སྐྱེལ་སོགས་གསར་དར་ཁྱབ་ཁོངས་ཀྱི་ལས་ཞུགས་པ་350ལྷག་ཙམ་གདན་ཞུས་ལས་བསྐོས་བྱས་ནས་སྡེ་ཁུལ་གྱི་དྲ་མིག་པ་གཅིག་ལྕོགས་བྱས་ཐོག ཁྲོམ་གཞུང་དང་སྲང་ལམ་དུ་སྐྱོད་པའི་ལས་ཀའི་ལེགས་ཆ་འདོན་སྤེལ་གྱིས་དམངས་འདོད་འཚོལ་བསྡུ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཡོད།
གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། སྲིད་འཛིན་ཆོག་འཐུས་དོན་ཚན་30ཤང་དང་གྲོང་རྡལ(ཁྲོམ་གཞུང)ལ་གཤམ་སྤྲོད་བྱ་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཚོའི(སྡེ་ཁུལ)ལས་དོན་གྱི་ཆོག་འཐུས་གསལ་ཐོ་བཟོ་བ། གྲོང་ཁྱེར་རིམ་པའི་ཡིག་ཆ་བཀྲམ་པ། ཚོགས་འདུ་འཚོགས་ཚད་བརྒྱ་ཆ་13.6དང་བརྒྱ་ཆ་31.2སོ་སོར་ཉུང་དུ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་ལས་བྱེད་པས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་དུས་ཚོད་དེ་བས་མང་དུ་བཏང་ཡོད།
གཞན་ཡང་ལྷ་ས་གྲོང་ཁྱེར་གྱིས“སྐར་མ་15ཡི་ཞབས་ཞུའི་ཁུལ”འཛུགས་སྐྲུན་བྱ་རྒྱུ་ཁྱབ་གདལ་དུ་བཏང་ནས“གྲོང་ཁྱེར་གྱི་ཚོམས་ཆེན”དང་། ཞབས་ཞུའི་མནའ་འབྲེལ། Vས་ཚིགས་དང་eས་ཚིགས། “ཁ་ལོ་བའི་ཁྱིམ་གཞིས” སྡེ་ཁུལ་གྱི་ཟ་ཁང་སོགས“མཛའ་མཐུན”ཁུལ་200ལྷག་ཙམ་བཏོད་པ་དང་། འདམ་གཞུང་རྫོང་གི“4840”ཏང་ཀྲི་པུས་འབྲོག་པར་ཞབས་འདེགས་ཞུ་བ་དང་། ཡུལ་སྐོར་བར་ཞབས་འདེགས་ཞུ་བ། ཕར་འགྲོ་ཚུར་འོང་གི་རླངས་འཁོར་ལ་ཞབས་འདེགས་ཞུ་བ་བཅས“ཞབས་ཞུ་གསུམ”ཁྱབ་གདལ་དུ་བཏང་བ། “ཏང་འཛུགས་སྐྱོང་དང་། ཡུལ་སྐོར། ཞབས་ཞུ”བཅས་ཟུང་དུ་འབྲེལ་བའི་བཅོས་སྒྲིག་བྱ་ཐབས་བཏོད་པས་རང་སྐྱོང་ལྗོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པའི་མཉམ་སྡེབ”མཚན་སྙན་ཐོབ་ཡོད། སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་12345དེ་ཚན་པ་33གྱི་ཐད་སྦྲེལ་ཁ་པར་དང་ཟླ་སྒྲིལ་བཏང་ནས་ཐད་སྦྲེལ་ཁ་པར་ཉན་པ་དང་། ཁག་བགོས། མངགས་གཏོང་། གཉེར་སྒྲུབ། བཅར་འདྲི་བཅས་ཟླུམ་འཁོར་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། 2024ལོའི་ཚུན་དུ་རེ་ཞུ་ཁྲི་16.14བདག་སྤྲོད་བྱས་པ་དང་ཐག་གཅོད་བྱེད་ཚད་བརྒྱ་ཆ་98.3ཟིན་ནས་མང་ཚོགས་བློ་ཡིད་ཚིམ་ཚད་བརྒྱ་ཆ་93.1ཟིན་ཡོད།
(《བོད་ལྗོངས་ཉིན་རེའི་ཚགས་པར》ཁང་ནས་འབྱོར་བའི་གནས་ཚུལ་གཞིར་བཟུང)
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社