分享按钮

ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་གཞུང་ལམ་ལས་གྲྭ་ཅུས་དང་པོས་འབྱུང་ཁམས་ལག་ལེན་དང་མི་རིགས་མཐུན་སྒྲིལ་གྱི་མཉམ་སྐྲུན་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་4ཉིན་གྱི་ཕྱི་དྲོར།ཁྲེང་ཀོན་ཆུས་མི་དམངས་དྲག་ཆས་པུས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་མཉམ་དུ་རྒྱལ་སྲུང་སློབ་གསོའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

མཐོ་སློབ་ནི་རྒྱལ་སྲུང་སློབ་གསོའི་འཐབ་ས་གལ་ཆེན་ཞིག་དང་།སློབ་མ་གཞོན་ནུ་ནི་རྒྱལ་སྲུང་འཛུགས་སྐྱོང་གི་རྩ་ཆེའི་ཤེས་ལྡན་པའི་ཐོན་ཁུངས་ཤིག་རེད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་དུས་ཡུན་རིང་པོའི་ནང་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ།དམག་དོན་གྱི་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་སློབ་མའི་དམག་སྦྱོང་སོགས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་ཆེད་ཕུལ་བྱུང་གི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

ས་གནས་ཏང་ཨུའི་དམག་དོན་པུའུ་དང་སྲིད་གཞུང་གི་དམག་ཞབས་ལས་ཁུངས་ཡིན་པའི་དྲག་ཆས་པུའུ་ཡིས་ས་ཁུལ་དེ་གའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་སྒྲིག་འཛུགས་དང་དེར་སློབ་སྟོན་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ཡོད། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་སྲུང་སློབ་གསོ་དང་། དམག་མི་གསོ་སྐྱོང་། ཡུལ་དམག་ལས་དོན། དམག་བསྡུའི་ལས་དོན་སོགས་ལ་དམིགས་ནས་གྲོས་བསྡུར་བྱས་ཡོད། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་བརྒྱུད་ཕྱོགས་གཉིས་པོས་ཐོན་ཁུངས་བསྡུ་སྒྲིལ་དང་ལེགས་ཆ་གསབ་རེས་བྱས་ཏེ།རིག་གནས་རྒྱུན་འཛིན་དང་རྒྱལ་སྲུང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ནས་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གསོན་ཤུགས་གསར་པ་སྣོན་རྒྱུ་རེད།

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་སྤྱི་གཞོན་པ་ཁྲེང་ཞའོ་དབྱིང་གིས། རྗེས་མར་ང་ཚོས་རྒྱལ་སྲུང་སློབ་གསོ་དང་། དམག་བསྡུའི་ལས་དོན། དམག་མིའི་འཛིན་གྲྭའི་སློབ་གསོ་དོ་དམ། ཡུལ་དམག་རྩ་འཛུགས་སོགས་ལ་དམིགས་ནས་དེ་མཚུངས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་སློབ་གྲྭའི་ནང་དམག་བསྡུའི་ལས་དོན་གྱི་རྣམ་པ་བཟང་པོ་ཞིག་བཏོད་ཐོག་སློབ་མའི་དམག་ཞུགས་ཀྱི་སྤྲོ་སེམས་འཕེལ་བར་བྱ་རྒྱུ་ཡིན་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-06-07 6 6 拉萨日报藏文 c202011.html 1 ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་གཞུང་ལམ་ལས་གྲྭ་ཅུས་དང་པོས་འབྱུང་ཁམས་ལག་ལེན་དང་མི་རིགས་མཐུན་སྒྲིལ་གྱི་མཉམ་སྐྲུན་བྱེད་སྒོ་སྤེལ་བ། /enpproperty-->