(པར་ངོས་དང་པོར་མཐུད)གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། དགྲ་འདུལ། ལིན་ཡུང་། ཀྲང་ཁྲུན་དབྱང་། མ་ཝུན་ཆིང་བཅས་ཞུགས་པ་དང་འབྲེལ་ཡིག་ཐོག་གི་གཏམ་བཤད་ཀྱང་ཕུལ་བ་དང་། ཝང་མིང་ཀྲེ་དང་། ཀྲའོ་ཧུའེ་ཉན། ལི་ཅང་ཤིན། ཝང་ཧུའེ། ཞུས་ཧའེ། སྐལ་བཟང་ཚེ་བརྟན་བཅས་ཀྱིས་རིམ་པ་བཞིན་གཏམ་བཤད་སྤེལ་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་ལས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྲུབ་པ་དང་། རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ནུས་པ་ཆེན་པོ་དང་བདེན་དོན་གྱི་འབོད་སྐུལ་ནུས་པ་ཆེན་པོ། ལོ་རྒྱུས་ཀྱི་འཕེལ་རྒྱུན་བསྲིང་ནུས་ཆེན་པོ་དང་དུས་རབས་ཀྱི་མཐིལ་རྟོགས་ནུས་པ་ཆེན་པོ། ཆབ་སྲིད་ཀྱི་ཁྲིད་སྟོན་ནུས་པ་ཆེན་པོ་དང་ལག་ལེན་གྱི་སྐུལ་འདེད་ནུས་པ་ཆེན་པོ་བཅས་མངོན་ནས། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཁྲིད་སྟོན་བྱེད་པའི“རྩ་བ”དང“བླ་སྲོག”ཏུ་གྱུར་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི“ཐབས་མཆོག་ཆེན་པོ་གསུམ་གྱི”ཨང་དང་པོ་ཡིན་པ་དང། ཐག་གཅོད་བྱ་རྒྱུ་ནི་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཡིན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆད་ལུས་མེད་པར་ལག་བསྟར་བྱས་ཏེ། “འཆམ་མཐུན”དང་། “མཉམ་འདྲེས” “མཉམ་འབྲེལ”བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྤུས་མཐོའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་སྟེ།
“འཆམ་མཐུན”ཐད་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ལས་དོན་ཏན་ཏིག་སྤེལ་དགོས། དེ་ཡང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་མུ་མཐུད་ནས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཆོས་ལུགས་བྱེད་སྒོའི་ཞིབ་མཆན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། དགོན་སྡེ་དོ་དམ་གྱི་རྨང་གཞི་བརྟན་དུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས།
“མཉམ་འདྲེས”ཐད་ཤུགས་སྣོན་བརྒྱབ་ནས་མི་རིགས་ལས་དོན་ཏན་ཏིག་སྤེལ་དགོས། དེ་ཡང་ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་སྔོག་འདོན་བྱེད་པའི་འདུ་འགོད་གསར་པ་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན“འཛུགས་གཏོད་ཆུང་ངུ”ཤུགས་ཆེན་སྤེལ་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་མཉམ་འདྲེས་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས།
“མཉམ་འབྲེལ”ཐད་ཤུགས་སྣོན་བརྒྱབ་ནས་ཏང་ཕྱིའི་ལས་དོན་གཏིང་ཟབ་སྤེལ་དགོས། དེ་ཡང་ཞབས་ཞུ་འབྲེལ་གཏུགས་དང་ནུས་པ་མཉམ་འགུལ་གཉིས་ཀར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་གཅིག་ནས་ཞབས་ཞུ་འབྲེལ་གཏུགས་ལ་དམ་འཛིན་བྱེད་པ་དང་། ཆ་སྒྲིག་འབྲེལ་གཏུགས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། ཕྱོགས་གཞན་ཞིག་ནས་ནུས་པ་མཉམ་འགུལ་ལ་དམ་འཛིན་བྱས་ཏེ། ཏང་ཕྱིའི་མི་སྣར“མི་སྒེར་གྱི་ནུས་པས”དེ་བས་ལེགས་པའི་སྒོ་ནས“ལྷ་སའི་དགོས་མཁོར”རམ་འདེགས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社