分享按钮

(པར་ངོས་གཉིས་པར་མཐུད)2016ལོར་ཐེངས་དང་པོར་ཞུགས་པ་ནས་ད་བར། ཁྲང་ཧའེ་ཙེང་གིས་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་ལོ་བཅུ་ཏག་ཏག་བསྒྲུབས་པ་རེད། དེའི་རིང་དཀའ་ངལ་མི་ཉུང་བ་ཞིག་འཕྲད་མོད། འོན་ཀྱང་དམིགས་བསལ་གྱི་དྲིན་ལན་ཞིག་ལ་བརྟེན་ནས་ཁོང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད། ཁོང་གིས“ངས་རྒྱུགས་སྤྲོད་སློབ་མ་ཞིག་བསུ་སྐྱེལ་བྱེད་མྱོང་ཡོད། མཐོ་རྒྱུགས་ཀྱི་སློབ་བསྡུའི་མཇུག་འབྲས་ཁྱབ་བསྒྲགས་བྱས་རྗེས། སློབ་མ་དེས་འཕྲལ་མར་ང་ལ་ཁ་པར་བརྒྱབ་ནས་སློབ་ཆེན་ལ་རྒྱུགས་འཕྲོད་སོང”ཞེས་བཤད་བྱུང་།གཏམ་བཟང་དེ་དེ་ནི་ཁྲང་ཧའེ་ཙེང་དང་རྒྱུགས་སྤྲོད་དང་བླངས་པ་ཚང་མར་ཐོབ་པའི་གདེང་འཇོག་ཆེ་ཤོས་ཤིག་ཡིན་ལ།ཁོང་ཚོས་ལོ་རེ་བཞིན་སློབ་མ་བསུ་སྐྱེལ་བྱེད་པའི་སྒུལ་ཤུགས་ཤིག་ཏུའང་གྱུར་ཡོད། ད་རེས་སྤེལ་འགོ་ཚུགས་པའི་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་པའི་ནང་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱུགས་སྤྲོད་སློབ་མར“ཐོགས་མེད་བགྲོད་ལམ”བཏོད་དེ་གངས་ལྗོངས་ས་མཐོའི་དམིགས་བསལ་གྱི་བརྩེ་སེམས་དང་ཐུགས་ཁུར་བརྒྱུད་སྤྲོད་བྱས་ཡོད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-06-07 6 6 拉萨日报藏文 c202008.html 1 /enpproperty-->