分享按钮

《ལྷ་ས་གྲོང་ཁྱེར་གྱི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལག་བསྟར་བྱ་ཉེར་ཡོད་པ།

(པར་ངོས་དང་པོར་མཐུད)འཆར་འགོད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏོང་བ། མཉམ་འདྲེས་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་གཏོད་པ། ས་ཁོངས་མཉམ་འགུལ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རིག་གནས་ཡུལ་སྐོར་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། མི་རྩ་བར་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཁྱད་ལྡན་ཐོན་རྫས་རྩེ་གྲ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རིག་གནས་ཡུལ་སྐོར་གྱི་གྲགས་རྟགས་ཧུར་ཐག་གཏོད་པ། སྒོ་དབྱེ་མཉམ་སྤྱོད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རིག་གནས་ཡུལ་སྐོར་མཉམ་ལས་གཉིས་ཁེ་ཡོང་བར་བྱེད་པ། དམངས་འཚོ་ལེགས་གཏོང་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རིག་གནས་ཡུལ་སྐོར་དམངས་ཕྱུག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ད་ཐེངས་བཏོན་པའི《སྲོལ་ཡིག》ནི་འབྲེལ་ཡོད་རྩ་དོན་གྱི་བླང་བྱ་གཞིར་བཟུང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་ནས་ལྷགས་པའི་གནད་དོན་ཚད་ལྡན་དུ་གཏོང་བ་དང་ཐག་གཅོད་བྱས་ཏེ་རང་གྲོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

《སྲོལ་ཡིག》བཟོ་བའི་བརྒྱུད་རིམ་ནང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་གིས་རྒྱབ་རྟེན་བྱེད་པ། ཕྱོགས་ཁག་ཞུགས་པ་བཅས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་རྣམ་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་དང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་མི་དམངས་དམངས་གཙོ་དེ་ཁྲིམས་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱས་ཡོད། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་ཆེད་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་སྲོལ་བཟོ་བའི་ལྷུ་ཚིགས་ཁག་ལ་བརྒྱུད་རིམ་ཧྲིལ་པོའི་མཛུབ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་བྱས་ཡོད། 《སྲོལ་ཡིག》གི་འཆར་ཟིན་ལ་བཟོ་བཅོས་ཡང་ཡང་བརྒྱབ་པ་བརྒྱུད་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱས་པར་མ་ཟད། སྡེ་ཚན་གྱི་མཐུན་སྦྱོར་ཚོགས་འདུ་དང་རིགས་གཅིག་མཁས་ཅན་གྱི་རིགས་པས་ཁུངས་སྐྱེལ་ཚོགས་འདུ་ཐེངས་མང་འཚོགས་ནས་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུགས་ས་ཚིགས། ཏང་གི་འཐུས་མི་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན་སོགས་ཚོགས་སྤྱི་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་བསམ་འཆར་དང་གྲོས་འགོ་ཐེངས་མང་བསྡུ་ལེན་བྱས་ཡོད། 《སྲོལ་ཡིག》ལ་ཁྱོན་ས་བཅད་བདུན་དང་དོན་ཚན་ང་དྲུག་ཡོད་པའི་ནང་གཙོ་བོ་འཛུགས་སྐྲུན་འཆར་འགོད་དང་། ཐོན་ལས་སྐུལ་འདེད། ཞབས་ཞུ་འགན་ལེན། ལྟ་སྐུལ་དོ་དམ་སོགས་ཀྱི་ནང་དོན་ཚུད་ཡོད།

སྲིད་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བར་ཁྲིམས་སྐྱོང་གི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ཁྲིམས་སྐྱོང་དང་ཡང་ཁ་འབྲལ་ཐབས་མེད་པ་དང་། དེ་བཞིན་མང་ཚོགས་ཀྱི་བདེ་སྐྱིད་ནི་ཁྲིམས་སྐྱོང་གི་འགན་ལེན་དང་ཡང་ཁ་འབྲལ་ཐབས་མེད། སླད་ཕྱིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《སྲོལ་ཡིག》གི་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་ནན་པོ་དང་དམངས་ཡོངས་ཀྱིས་ཁྲིམས་སྲུང་ལ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ《སྲོལ་ཡིག》གི་གཏན་འབེབས་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-06-07 6 6 拉萨日报藏文 c202007.html 1 《ལྷ་ས་གྲོང་ཁྱེར་གྱི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལག་བསྟར་བྱ་ཉེར་ཡོད་པ། /enpproperty-->