分享按钮

རང་གྲོང་གི་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་པའི་ འགོ་ཚུགས་མཛད་སྒོ་འཚོགས་པ།

རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་དགོས་མཁོ་ཡོད་ཚེ་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་པའི་དང་བླངས་པར་ཁ་པར་རྒྱག་ཆོག

པར་འདི་ནི་ལས་དོན་པས་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་པའི་རླངས་འཁོར་ཐོག་གཅེས་སེམས་མཚོན་རྟགས་སྦྱོར་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་5ཉིན།རང་གྲོང་གི་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་པའི་འགོ་ཚུགས་མཛད་སྒོ་དེ་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དུ་འཚོགས་ཤིང་།ལེ་ཧྥུང་ལ་སློབ་སྦྱོང་ཞུ་བའི་ལྷ་སའི་བདལ་གཏོང་རླངས་འཁོར་གྱི་དང་བླངས་ཞབས་ཞུ་རུ་ཁག་གི་ཁ་ལོ་བའི་འཐུས་མི་50ལྷག་ཙམ་དང་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་མཉམ་དུ་ཞབས་ཞུའི་ནང་ཞུགས་ཤིང་།དེའི་ཐོག་ནས་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་པའི་ལས་དོན་དངོས་སུ་འགོ་ཚུགས་པ་མཚོན་ཡོད། འཆར་ཉེར་ཡོད་པའི་ལྷ་ས་གྲོང་ཁྱེར་གྱི་མཐོ་རྒྱུགས་དང་། ཁ་གཏད་ལས་རིགས་མཐོ་རིམ། ཆུང་རྒྱུགས། དམའ་རིམ་སློབ་འབྲིང་གི་ཡིག་རྒྱུགས་བཅས་ཀྱི་ཡིག་རྒྱུགས“ཡིག་རྒྱུགས་ཆེན་པོ་བཞི”གཏོང་རིང་རྒྱུགས་སྤྲོད་སློབ་མ་ཚང་མས་རང་ཉིད་ཀྱི་ཡིག་རྒྱུགས་ལག་ཁྱེར་ལ་བརྟེན་ནས་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་པའི་གཅེས་སེམས་མཚོན་རྟགས་ལྡན་པའི་རླངས་འཁོར་ནང་རིན་མེད་ངང་སྡོད་ཆོག་གི་ཡོད། རྒྱུགས་སྤྲོད་སློབ་མ་དང་དེ་བཞིན་ཁྱིམ་བདག་ལ་རླངས་འཁོར་དགོས་མཁོ་བྱུང་ཚེ། ད་དུང་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་པའི་ཐད་སྦྲེལ་ཁ་པར་13322519819ལ་ཁ་པར་བརྒྱབ་ནས་ཞབས་ཞུའི་རེ་བ་བཏོན་ཆོག་གི་ཡོད།

འགོ་ཚུགས་མཛད་སྒོ་སྤེལ་ཡུལ་དུ་ཁ་ལོ་བ་ཚོས་བདལ་གཏོང་རླངས་འཁོར་ལ་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་པའི་གཅེས་སེམས་མཚོན་རྟགས་རིམ་བཞིན་སྦྱར་བ་དང་། “གཅེས་སེམས་མཚོན་པའི་ཆེད་གཏོང་རླངས་འཁོར་བཏང་ནས་མཐོ་རྒྱུགས་སློབ་མར་ཕུགས་འདུན་གྱི་ལམ་བུ་འདིང་བ། རྒྱུགས་སྤྲོད་སློབ་མ་ཚོར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པའི་སྨོན་འདུན་ཞུ”ཞེས་པའི་སྦྱར་ཡིག་སྦྱར་ཏེ་རྒྱུགས་སྤྲོད་སློབ་མར་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་ལུགས་མཚོན་པར་བྱས་ཡོད། ལེ་ཧྥུང་ལ་སློབ་སྦྱོང་ཞུ་བའི་ལྷ་སའི་རླངས་འཁོར་གྱི་ཞབས་ཞུ་རུ་ཁག་གི་རུ་དཔོན་ཁྲང་ཧའེ་ཙེང་གིས།2025ལོའི་མཐོ་རྒྱུགས་སླེབས་ཉེར་ཡོད་པས།ཚོགས་པ་ཀུང་སིའི་རིམ་ཁག་འགོ་ཁྲིད་ཀྱིས་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་པའི་ལས་དོན་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད། ཞབས་ཞུ་འདི་ནི་ང་ཚོའི་ལེ་ཧྥུང་ལ་སློབ་སྦྱོང་ཞུ་བའི་དང་བླངས་ཀྱི་རླངས་འཁོར་རུ་ཁག་སྤྱི་ཕན་བྱ་བའི་ལྟེ་བའི་གྲུབ་ཆ་ཞིག་ཡིན་ཞེས་བཤད། ཁྲང་ཧའེ་ཙེང་གིས།རླངས་འཁོར་རུ་ཁག་གི་སྣེ་ཁྲིད་འོག་ཀུང་སིའི་དཔེ་བཟང་རླངས་འཁོར་རུ་ཁག་དང་། ཏང་ཡོན་རུ་ཁག དམག་ཞབས་ཐིམ་པའི་དམག་མིའི་རུ་ཁག་སོགས་ཀྱིས་དེའི་ནང་ཧུར་ཐག་ཞུགས་ཡོད། ང་ཚོས་བདེ་འཇགས་དང་། དུས་ཐོག སྤྲོ་སེམས། འཐུས་ཚང་བཅས་ཀྱི་ཞབས་ཞུར་བརྟེན་ནས་རྒྱུགས་སྤྲོད་སློབ་མའི་འགྲོ་སྐྱོད་བདེ་བླག་ཡོང་བར་བྱས་ཏེ་རྒྱུགས་སྤྲོད་སློབ་མ་ཚང་མའི་ཡིག་རྒྱུགས་བདེ་བླག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-06-07 རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་དགོས་མཁོ་ཡོད་ཚེ་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་པའི་དང་བླངས་པར་ཁ་པར་རྒྱག་ཆོག 6 6 拉萨日报藏文 c202000.html 1 རང་གྲོང་གི་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་སྒྲུབ་པའི་ འགོ་ཚུགས་མཛད་སྒོ་འཚོགས་པ། /enpproperty-->