分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་ནས།

འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་ལས་ཀའི་རྣམ་པ་མགྱོགས་མྱུར་བཏོད་ནས་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ཆེད་ཤུགས་སྣོན་རྒྱག་དགོས་པའི་ནན་གསུངས་གནང་བ།

ཝང་ཆང་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་རེད། ཁོང་གིས་ནན་གསུངས་གནང་དོན། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་དེར་དམིགས་ནས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ཐབས་མཆོག་ཆེན་པོའི་ནུས་པ། ཉེན་ཁ་འགོག་ཟོན་དང་སེལ་བ་བཅས་གཏིང་ཟབ་ཏུ་བཏང་སྟེ། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་ལས་ཀའི་རྣམ་པ་མགྱོགས་མྱུར་བཏོད་དེ། ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཤུགས་སྣོན་རྒྱག་དགོས།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)འཐབ་ཕྱོགས་གཅིག་གྱུར་སློབ་དཔྱོད་པུའི་དགེ་རྒན་ཆེན་མོ་བ་གཞོན་པ་ཀྲང་པོ་ཡིས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས་ཆེད་དོན་ཟུར་ཁྲིད་གནང་ཞིང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-06-07 ཝང་ཆང་ཚོགས་འདུར་ཞུགས་པ། ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་ནས། 6 6 拉萨日报藏文 c201996.html 1 འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་ལས་ཀའི་རྣམ་པ་མགྱོགས་མྱུར་བཏོད་ནས་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ཆེད་ཤུགས་སྣོན་རྒྱག་དགོས་པའི་ནན་གསུངས་གནང་བ། /enpproperty-->