ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་སྤྱིའི་གཞུང་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་པར་སྤྱོད་པའི་ས་ཆ་དང་། གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས། གྲོང་ཁྱེར་གྱི་ཆུ་མཁོ་འདོན་སོགས་ཀྱི་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ་རེད།
ཚོགས་འདུའི་ཐོག སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན་པས།མཐོ་རིམ་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“མི་འབོར་དང་། མི་སེམས། ཤེས་ལྡན་པ”བཅས་སྐོར་གྱི་ལས་ཀའི་བླང་བྱ་དང་མཐུན་པ་དང་།ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་དང་མཐུན་ཡོད་ཅེས་གསུངས་པ་དང་། ཚོགས་འདུའི་ཐོག་ནན་གསུངས་གནང་དོན། འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་པ་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社