ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་15ཉིན། ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང་། འགྲན་བསྡུར་ཁྲོད་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་ཁོང་ཚོའི་ཡར་ཐོན་ལྷུར་ལེན་དང་ཕུལ་བྱུང་དོན་གཉེར་གྱི་འབད་འཐབ་སྙིང་སྟོབས་མངོན་ཐུབ་པར་བྱ་རྒྱུ་ཡིན་པ་རེད།
ཐེངས་འདིའི་འགྲན་བསྡུར་གྱི་དུས་ཚོད་ནི་ཟླ་5ཚེས་13ཉིན་ནས་ཚེས་18ཉིན་བར་ཡིན་ཞིང་། དུས་ཡུན་ཉིན་5ཡི་འགྲན་བསྡུར་ཁྲོད། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)8ནས་ཡོང་བའི་འགྲན་བསྡུར་ནང་ཞུགས་མཁན་གྱི་ལུས་རྩལ་པ་36འགྲན་རའི་ནང་མཉམ་འཛོམས་བྱས་ཏེ་ལག་ཤེས་བཟོ་ལས་དང་། མཛེས་རྩལ་ལས་རིཊ། ཞབས་ཞུའི་ལས་རིགས། གློག་རྡུལ་ཚོང་ལས་སོགས་ཀྱི་རྣམ་གྲངས་ཁྲོད་འགྲན་རྩོད་ཛ་དྲག་བྱས་ནས་དབང་པོ་སྐྱོན་ཅན་གྱི་མི་སྣའི་ཕུལ་བྱུང་རྩལ་ནུས་དང་རྣམ་འགྱུར་བཟང་པོ་གང་ལེགས་མངོན་ཐུབ་པར་བྱ་རྒྱུ་ཡིན་པ་རེད།
ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པ་ཐང་ལུའུ་ཡིས་ཐེངས་འདིའི་འགྲན་བསྡུར་ནང་ཁྱོན་རྣམ་གྲངས་ཆེ་བ་4དང་རྣམ་གྲངས་ཆུང་བ་7བཀོད་སྒྲིག་བྱས་ཡོད། དེའི་དམིགས་ཡུལ་ནི་དབང་པོ་སྐྱོན་ཅན་གྱི་མི་སྣའི་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ལས་ཞུགས་སྟེགས་བུ་འཛུགས་རྒྱུ། སྟབས་བསྟུན་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་དབང་པོ་སྐྱོན་ཅན་གྱི་ཡོང་འབབ་མང་དུ་གཏོང་རྒྱུར་རོགས་རམ་བྱས་ནས་རང་ཚུགས་རང་སྟོབས་ཀྱི་དཔེ་མཚོན་འཛུགས་ཆེད་ཡིན། དེ་དང་ཆབས་ཅིག་བྱེད་སྒོ་དེ་བརྒྱུད་ནས་དབང་པོ་སྐྱོན་ཅན་དེ་བས་མང་བ་སྤྱི་ཚོགས་ཀྱི་ངལ་རྩོལ་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུར་ནུས་ཤུཊ་གང་ལེགས་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་རྣམ་གྲངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ཚོགས་སྤྱི་མི་འདྲ་བའི་ཁྱད་ཆོས་དང་ལེགས་ཆར་བསམ་གཞིགས་གང་ལེགས་བྱས་ནས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་མི་སྣའི་སློབ་སྦྱོང་གི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ནས་དབང་པོ་སྐྱོན་ཅན་གྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社