分享按钮

2025ལོའི་གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་ཉེར་ཡོད་པ།

(པར་ངོས་དང་པོར་མཐུད)བར་སྐོར་ཁྲོམ་གཞུང་གི་བོད་བཟོའི་སྡོད་ཁང་དང་ལག་ཤེས་བཟོ་རྩལ་ཚོང་ཁང་ཕན་ཚུན་གཅིག་ལ་གཅིག་འགྲན་དང་། ཐང་ག་བཞེངས་པ་དང་གཟིམ་སྤོས་བཟོ་བ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་དེ་གར་ནམ་ཡང་རྒྱུན་འཛིན་བྱེད་བཞིན་ཡོད། སྔོ་ཐིང་ཐིང་གི་གནམ་མཚོ་དང་ཁ་བས་བཀླུབས་པའི་གཉན་ཆེན་ཐང་ལྷའི་གངས་རི་གཉིས་གཅིག་རོགས་གཅིག་གིས་བྱེད་པ་ལྟར་གནས་ཡོད་ཅིང་། ད་དུང་ལྷ་ཀླུ་འདམ་རའི་སྐྱེ་ཁམས་གནས་བབ་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ས་མཐོའི་སྐྱེ་ཁམས་ཀྱི་མཛེས་སྡུག་མངོན་པར་བྱས་ཡོད།

རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་འཛུགས་པ་དང་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྱི་ལྟེ་བའི་གྲོང་ཁྱེར་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ཏེ་ལྷ་སར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་གཉེར་བ་ནི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་བརྒྱུད་རིམ་རང་བཞིན་གྱི་འགྲེམས་སྟོན་ཞིག་ཡིན་ལ་དུས་ཆེན་འབྲེལ་ཐག་ཏུ་བྱས་ནས་རིག་གནས་དང་། ཡུལ་སྐོར་། ཐོན་ལས་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་ཞིག་དང་། ལྷ་སར་རྒྱལ་སྤྱིའི་ཡུལ་སྐོར་དམིགས་སའི་གྲོང་ཁྱེར་གཏོད་རྒྱུར་རམ་འདེགས་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཀྱང་ཡིན་པ་རེད།

སྐད་གྲཊ་ཅུང་ཆེ་བའི་ཡུལ་སྐོར་བ་ཧན་ཡོན་གྱིས་ངའི་བསམ་པར་ལྷ་ས་ནི་ཧ་ཅང་ཡོང་རིན་ཡོད་པ་ཞིག་རེད། ང་ལྷ་སར་ལས་ཀ་དང་འཚོ་བ་བསྐྱལ་ནས་ལོ་དགུ་ཕྱིན་སོང་། འདིར་བསྡད་པའི་དུས་ཚོད་ཇི་ཙམ་རིང་ན་དེ་ཙམ་གྱིས་ས་ཆ་དེའི་གནམ་སྔོན་པོ་དང་། སྤྲིན་དཀར་པོ། མཁའ་རླུང་གཙང་མ་བཅས་ཀྱིས་མི་རྣམས་ལ་ཚོར་སྣང་སྐྱིད་པོ་ཞིག་སྟེར་གྱི་འདུག་པས་རྒྱལ་ཡོངས་ཀྱི་ས་གནས་ཁག་གིས་གྲོཊ་པོ་ཚོས་ལྷ་སར་ཡུལ་སྐོར་ལ་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད།

ཡུལ་སྐོར་ཐད་གཏོང་བ་ཀྲུང་ཅ་ཧྭ་ཡིས་ལྷ་སའི་ཡུལ་སྐོར་འཕེལ་རྒྱས་ཇེ་ལེགས་སུ་འགྲོ་རྒྱུའི་རེ་བ་ཡོད་ལ། ཡུལ་སྐོར་བ་ཡོང་རྗེས་ཁོར་ཡུག་ལ་སྲུང་སྐྱོང་དང་ས་གནས་འདི་གའི་འབྱུང་ཁམས་ལ་སྲུང་སྐྱོང་ཐུབ་རྒྱུའི་རེ་བའང་ཡོད། ང་ཚོས་ཡུལ་སྐོར་ལ་དགའ་ཞེན་བྱེད་པའི་རྒྱུ་མཚན་དང་། ཟིན་བྲིས་བཀོད་རྒྱུར་དགའ་ཞེན་བྱེད་དོན་གང་ཡིན་ཞེ་ན། ང་ཚོ་མིའི་རིགས་ཀྱིས་སྐྱེས་མ་ཐག་ནས་མཉམ་སྤྱོད་བྱེད་འདོད་པ་ཕུད། དེ་བས་གལ་འགངས་ཆེ་བ་ཞིག་ནི་འབྱུང་འགྱུར་ལ་རང་ཉིད་ཀྱིས་མཉམ་སྤྱོད་བྱ་རྒྱུ་དེ་ཡིན། བོད་ལྗོངས་ནི་ཁྱེད་ཀྱི་མི་ཚེའི་ནང་ངེས་པར་དུ་ཡོང་དགོས་པའི་ས་ཆ་ཞིག་རེད་ཅེས་བཤད།

2025ལོའི་གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་ཛ་དྲག་ངང་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ལས་དོན་པ་ཡོངས་ཀྱིས་ཡག་ཐོག་ཡག་བརྩེགས་ཀྱི་རྣམ་འགྱུར་ཐོག་ནས་ལྷ་སའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་དང་། བྱེད་སྒོའི་ནང་དོན་གསར་གཏོད་བྱས་ཏེ་ཏང་གི་འོད་སྟོང་འཕྲོ་བའི་འོག་ལྷ་སའི་མི་རིགས་ཁག་གི་མི་དམངས་ཀྱི་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ཕྱོགས་ཡོངས་ནས་མངོན་པར་བྱས་ཐོག འཛམ་གླིང་གིས་ལྷ་སའི་ཐུན་མོང་མ་ཡིན་པའི་ནང་དོན་ཤེས་རྟོགས་ཐུབ་པར་བྱ་རྒྱུ་རེད།

2025ལོའི་གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་པ་ཝུའུ་ཧའེ་པོས་ལྷ་ས་གྲོང་ཁྱེར་གྱིས་ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བར་ཁྱད་ཆོས་གསུམ་ལྡན་ཡོད་པ་སྟེ། གཅིག་ནས་གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་ནང་ང་ཚོས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ལྟེ་བའི་གྲོང་ཁྱེར་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་འགྲོ་ཐུབ་པ་དང་། གཉིས་ནས་ང་ཚོས་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་ཉིན་མོའི་བྱེད་སྒོ་ཐེངས་དང་པོ་སྤེལ་ནས། རྒྱལ་ཁབ་ཕྱི་ནང་གི་མཁས་དབང་དང་རིགས་གཅིག་མཁས་ཅན་ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་གདན་ཞུ་བྱས་ཡོད། གསུམ་ནས་ང་ཚོས་འཛམ་གླིང་གི་ཡུལ་སྐོར་གྲོང་ཁྱེར་མཉམ་འབྲེལ་ལྷན་ཚོགས་དང་ད་དུང་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱི་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ཡུལ་སྐོར་མཐུན་ཚོགས་སོགས་རྒྱལ་སྤྱིའི་གྲགས་ཅན་ཡུལ་སྐོར་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག ལྷ་སའི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད། བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་མཐར་ལྷ་སས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གྲོང་ཁྱེར་གཏོད་རྒྱུར་རམ་འདེགས་ཐུབ་ནས་ལྷ་སའི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་གཏོང་རྒྱུ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-17 6 6 拉萨日报藏文 c200933.html 1 2025ལོའི་གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་ཉེར་ཡོད་པ། /enpproperty-->