分享按钮

(པར་ངོས་དང་པོར་མཐུད)རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ལ་རང་འགུལ་ངང་ཞབས་འདེཊ་དང་བརྩི་སྲུང་ཞུ་བ། ལོ་ལྔ་ཚན་བཅོ་ལྔ་པའི་འཐབ་ཇུས་ཀྱི་འཆར་འགོད་ཧུར་ཐག་འགོད་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁ་གསལ་དང་དངོས་སྒྲུབ་ཀྱི་ཞིབ་ཕྲའི་བྱ་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དམིགས་ཚད་ཞིབ་ཕྲ་བཟོ་བ་དང་ཚད་གཞི་གཏན་འབེབས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་དང་། གླིང་ཁུལ་དང་རྫོང་ཁག་གིས་བསམ་ཕྱོཊ་གསལ་བཟོ་དང་། བསྡུར་སློབ་བསྙེགས་བརྒལ། ཕན་ཚུན་སྣོལ་བའི་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། གོ་རིམ་མེད་པའི་འགྲན་རྩོད་དང་། ཕན་འབྲས་དམའ་བའི་འཛུཊ་སྐྲུན། ཕན་མེད་མ་རྩ་མི་གཏོང་བ་བཅས་བྱས་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་འོས་སྐུལ་འོས་དཔོད་ཀྱིས་སྲིད་གཞུང་གི་བཅོས་སྐྱོང་ཕན་ནུས་ཆེ་རུ་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དཔྱད་བསྡུར་གཏན་འབེབས་ལོགས་དབྱེ་ཚད་ལྡན་ཅན་དང་། བྱེད་པོའི་འགན་འཁྲི་གསལ་ཐོ་ཅན། འོས་སྐུལ་འོས་དཔོད་ཀྱི་ཡིག་ཆ་གཅིག་གྱུར་ཅན་བཅས་ཀྱི་འགན་འཁྲི་དོན་འཁྱོལ་གྱི་ལམ་སྲོལ་འཛུཊ་པ་དང་། རིག་ལྡན་འོས་དཔོད་དང་། རིག་ལྡན་འོས་དཔོད་དཔྱད་དཔྱོད། རིག་ལྡན་ཚོད་འཛིན་དང་འགན་སྒྲུབ་བཅས་ཀྱི་ལྟ་སྐུལ་དོ་དམ་བྱེད་སྟངས་ཁྱབ་གདལ་གཏོང་བ། ལས་ཚབ་སྒྲིག་གཞིར་དོ་དམ་ནན་པོ་བྱེད་པ་དང་། ཁྲིམས་འགལ་གྱི་འོས་དཔོད་འོས་སྐུལ་ལ་རྡུང་རྡེག་ནན་པོ་གཏོང་བ། བརྒྱུད་རིམ་གྱི་ཕན་འབྲས་ལ་ཚོད་འཛིན་ནན་པོ་བྱེད་པ་བཅས་ཀྱི་ཆད་གཅོད་བསླབ་འདོམས་ལམ་སྲོལ་ལག་ལེན་བསྟར་བ་བཅས་བྱས་ཏེ་འོས་སྐུལ་འོས་དཔོད་ཁྱབ་ཁོངས་དེ་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་སྔོ་འགྱུར་དང་རྒྱལ་སྤྱིའི་ཡུལ་སྐོར་དམིགས་སའི་གྲོང་ཁྱེར་འཛུགས་སྐྱོང་ལ་བསམ་ཞིབ་ནན་པོ་དང་། ཞིབ་ཚགས། སྤུས་ལེགས་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ། གཙོ་དོན་དང་། ཚོགས་པ་སྒྲིག་འཛུགས། རིམ་པ། སྤྱི་ཁོག མཐའ་ཐིག་བཅས་ཀྱི་གྲོང་ཁྱེར་སྔོ་འགྱུར་གྱི་མཛེས་ལྗོངས་གཏོད་རྒྱུར་གཞོལ་བ་དང་། ཚང་མས་གྲ་སྒྲིག་ཨང་གསར་དང་རང་འགན་རང་འཁུར་གྱིས་སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྲ་སྒྲིག་ཡག་པོ་བྱེད་པ། མཛེས་ལྗོངས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པ་དང་དུས་ཆེན་ལ་བརྟེན་ནས་ཡུལ་སྐོར་དར་རྒྱས་གཏོང་བ་བཅས་ཀྱི་ཐོག་ནས་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-17 6 6 拉萨日报藏文 c200932.html 1 /enpproperty-->