分享按钮

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱེད་དགོས་ཞེས་པ་བཀོད་པ།

(པར་ངོས་དང་པོར་མཐུད)གསུང་རྩོམ་ནང་གཏན་འབེབས་དོན་ཚན་བརྒྱད་ཀྱི་མཛུབ་ཁྲིད་བསམ་བློ་ནི་བླང་བྱ་ནན་པོ་བཏོན་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་བ་མཚོན་པ་དང་།ཀྲུང་དབྱང་ཆབ་སྲིད་ཅུས་ནས་འགོ་བཙུགས་ཏེ་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དེ་རེད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་པོ་བྱེད་པ་ནི་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ཡོངས་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་མིག་དཔེ་སྟོན་དགོས་པ་དེ་རེད།རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་གོང་གིས་འོག་ལ་སྣེ་ཁྲིད་དང་།གོང་ནས་འོག་བར་སྣེ་ཁྲིད། རིམ་པ་གཅིག་གིས་གཅིག་ལ་སྣེ་ཁྲིད། རིམ་པ་གཅིག་གིས་གཅིག་ལ་མིག་དཔེ་སྟོན་པ་བཅས་བྱས་ཏེ་རང་རྟོགས་ངང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས།ང་ཚོས་བྱ་སྤྱོད་ངོ་མ་སྤེལ་ནས་དམ་འཛིན་བྱས་ན་ཐག་གཅོད་མི་ཐུབ་པའི་གནད་དོན་མེད་ཅེས་བསྟན་གནང་ཡོད།

གསུང་རྩོམ་ནང་སྤྱོད་ཚུལ་གྱི་གནད་དོན་ནི་ངོ་བོའི་ཐོག་ནས་བརྗོད་ན་ཏང་གཤིས་ཀྱི་གནད་དོན་ཞིག་རེད།སྤྱོད་ཚུལ་བཞིའི་གནད་དོན་གྱི་རྩ་བ་ནི་ཏང་གཤིས་དང་རྒྱབ་འགལ་བྱེད་པ་དང་དམིགས་ཡུལ་དོར་བས་རེད།སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་འགག་རྩ་དེར་དམ་པོར་དམིགས་པ་དང་།སྙིང་རུས་གཏན་འཁྱོངས་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ།སྤྱོད་ཚུལ་བཞི་ཡོ་བསྲང་དང་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་བྱེད་པ།ངལ་དུབ་ཕྱོགས་བསྡུས་ནད་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ།སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་སོགས་ཚུལ་མིན་སྤྱོད་ངན་ཐོན་མ་ཐག་རྡུང་རྡེག་གཏོང་བ།སྤྱོད་ཚུལ་བཞིའི་མངོན་མེད་གཞན་འགྱུར་གྱི་འཕེལ་ཕྱོགས་གསར་པར་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱས་ཏེ་མཐའ་གཅིག་ཏུ་བསྐྱར་དུ་མི་ཐོན་པར་བྱེད་དགོས།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ལ་བརྩིས་ཏེ་དམིགས་སའི་རང་བཞིན་གྱི་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ་དང་།ཚན་རིག་དང་མཐུན་ལ་གནད་ལ་སྨིན་པའི་བཅོས་སྒྲིག་བྱེད་པ།དངོས་འཛིན་བཙན་འཐབ་དང་དངོས་ཕན་དོན་གཉེར་བཅས་བྱེད་དགོས།རྦབ་རྡོ་འགྲིལ་ནས་རི་ལ་འཛེག་པའི་ངར་ཤུགས་དང་ལ་བརྒྱབ་ཀླུང་བརྒལ་གྱི་སྙིང་སྟོབས་དང་།ངེས་ཤུཊ་གཏན་འཁྱོངས་དང་སོར་གང་ཡང་མི་སློད་པ།བཅོས་སྒྲིག་ཟབ་གཏོང་དང་ཕན་འབྲས་ཐོན་པ་བཅས་བྱས་ཚེ།གོམ་པ་རེ་རེ་བཞིན་སྲོལ་ངན་གཙང་སེལ་དང་དུས་བདེ་ཞོད་འཇགས་ཡོང་ཐུབ་ཅེས་བསྟན་གནང་ཡོད།

གསུང་རྩོམ་ནང་སྤྱོད་ཚུལ་འཛུགས་སྐྱོང་ནི་ནམ་ཡང་ཚར་དུས་མེད་ཅིང་།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་ལག་བསྟར་བྱེད་པ་ནི་རང་རེའི་ཏང་གིས་དུས་རབས་གསར་པར་ཡིད་རྟོན་འཕེར་བའི་བྱ་ཐབས་ཤིག་ཡིན་པས།ངེས་པར་དུ་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས།ལོ་བཅུ་མ་འདང་ན་ལོ་ཉི་ཤུ་དང་།ཉི་ཤུ་མ་འདང་ན་ལོ་སུམ་ཅུ་གང་ལྟར་གོམས་གཤིས་དངོས་སུ་འགྱུར་ལྡོག་མ་ཕྱིན་བར་མཐའ་འཁྱོངས་བྱེད་པ་དང་།ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་སྲོལ་དང་དམངས་སྲོལ་ལ་སྣེ་ཁྲིད་བྱེད་དགོས།ང་ཚོས་རྡོ་ལ་རྐང་རྗེས་འཇོག་པ་དང་ལྕགས་ལ་ཤུར་ཐོན་པའི་ངར་ཤུགས་ལ་བརྟེན་ནས་དམ་འཛིན་བྱས་ཏེ་མགོ་ཡོད་མཇུག་ཡོད་དང་བྱེད་མཁས་ལ་རྗེས་ཐོན་པར་བྱེད་དགོས།ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ནི་འདི་ལོའི་ཏང་འཛུཊ་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཞིག་རེད།རིམ་ཁག་ཏང་རྩ་འཛུཊ་ཀྱིས་སྒྲིག་འཛུགས་ཞིབ་ཚཊ་བྱས་ནས་ཏང་ཡོན་དང་ལས་བྱེད་པའི་ངེས་ཤུཊ་ཆེ་རུ་དང་གོམས་གཤིས་འཇགས་རྒྱུར་སྐུལ་འདེད་བཏང་སྟེ།སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད། (བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-17 6 6 拉萨日报藏文 c200931.html 1 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱེད་དགོས་ཞེས་པ་བཀོད་པ། /enpproperty-->