(པར་ངོས་གཉིས་པར་མཐུད)གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀུའོ་ཝུའེ་ཚའེ་ཡིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ང་རང་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་60འཁོར་བ་དང་གྲོང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུར་ཞུགས་རྒྱུ་བྱུང་བར་ང་ལ་གཟི་བརྗིད་དང་འགན་འཁྲི་ཧ་ཅང་ལྕི་པོ་ཡོད་པའི་ཚོར་སྣང་བྱུང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་བཙུགས་ཚུན་གྱི་ལོ་60ནི་ལྷ་སའི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་རྒྱུན་ཆད་མེད་པར་ཡར་རྒྱས་གཏོང་བའི་ལོ་60ཡིན་ལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་བའི་ལོ་60ཡང་ཡིན། འབྱུང་འགྱུར་ངས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་དེ་བས་ཆེ་བའི་ཐོག་ནས་འཐུས་མིའི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་མི་དམངས་ཀྱི་ཡིད་ཆེས་གནང་བ་དང་རེ་བ་བཅོལ་བ་ཆུད་ཟོས་སུ་གཏོང་གི་མིན་ཞེས་བཤད།
ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་གཡང་འཛོམས་ཀྱིས་ང་གཞི་རིམ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ཚོགས་འདུ་གཉིས་ནང་ཧུར་ཐག་ཞུགས་པ་དང་། ཚོགས་འདུ་གྲོལ་རྗེས་རང་འགུལ་ངང་གྲོང་མི་མང་ཚོགས་དང་འབྲེལ་བ་བྱས་ནས་དུད་ཚང་དུ་བསྐྱོད་པར་མ་ཟད། བསམ་འཆར་དང་གྲོས་འགོ་8དང་གྲོས་གཞི་2བཏོན་པ་མིག་སྔའི་བར་ཚང་མ་ཐག་གཅོད་ཐུབ་ཡོད། སླད་ཕྱིན་ངས་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་སྔར་བས་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།
དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་60འཁོར་བ་དེ་འགོ་འཛུགས་ས་གསར་པ་དང་གྲོང་ཨུད་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ཡིད་ཆེས་བརྟན་གཏོང་དང་དམ་བཅའ་འགྱུར་མེད། བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱ་རྒྱུ་རེད། མི་དམངས་འཐུས་ཚོགས་ཀྱིས་ཏང་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་འཐུས་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རང་གཤིས་ལ་མུ་མཐུད་ཞུན་བརྡར་བཅས་བྱས་ཏེ་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལེའུ་ཡག་པོ་རྩོམ་ཆེད་མི་དམངས་འཐུས་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་ཕུལ་བ་རེད། གྲོང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འོག་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལམ་བུའི་ཐོག་དེ་བས་འོད་སྟོང་འཕྲོ་བའི་ལེའུ་ཞིག་མུ་མཐུད་རྩོམ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社