分享按钮

ཀུན་བདེ་གླིང་ཁྲོམ་གཞུང་གིས་དམངས་ཕན་སྨན་བཅོས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

པར་འདི་ནི་སྨན་པས་ཞོལ་སྡེ་ཁུལ་གྱི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པའི་རྣམ་པ་ཡིན།

↑པར་འདི་ནི་སྨན་དོན་ཚོགས་པས་གློ་སྙིང་སླར་གསོ་བྱེད་ལུགས་སློབ་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལག་ལེན་བསྟར་ཆེད། རྒྱལ་སྤྱིའི་ནད་གཡོག་དུས་ཆེན་དང་སྐྱེད་མའི་དུས་ཆེན་རིང་ཀུན་བདེ་གླིང་ཁྲོམ་གཞུང་གིས་ཁོངས་གཏོགས་ཁུལ་གྱི་བོད་ཀྱི་དེང་རབས་སྨན་ཁང་དང་མཉམ་དུ་སྨན་ཁང་དེའི་ཏང་ཡོན་སྨན་པ་དང་ཁྲོམ་གཞུང་གི་དང་བླངས་པ་སྒྲིག་འཛུགས་བྱས་ཏེ། ཞོལ་སྡེ་ཁུལ་དུ་བསྐྱོད་ནས་དྲོ་སྐྱིད་ལྡན་པའི་དམངས་ཕན་སྨན་བཅོས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཐོག ཏང་འཛུགས་སྐྱོང་གིས་ཐོག་མའི་བསམ་འདུན་ལ་སྣེ་ཁྲིད་བྱེད་པ་དང་། སྨན་པས་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་ཅེས་པ་གཙོ་དོན་དུ་བྱས་ཤིང་། དེའི་དམིཊ་ཡུལ་ནི་ཕྱོཊ་མང་མཉམ་འགུལ་གྱིས་ཐོན་ཁུངས་བསྡུ་སྒྲིལ་དང་། ཏང་འཛུགས་སྐྱོང་མཉམ་སྐྲུན་ལ་བརྟེན་ནས་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་དང་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་མང་ཚོགས་ཀྱི་གམ་དུ་སྐྱེལ་རྒྱུ་དེ་རེད། བྱེད་སྒོའི་ཁྲོད་ཚང་མས་མཉམ་ལས་དམ་ཟབ་བྱས་ཏེ་རིཊ་པའི་གཞུང་ལུགས་སྒྲོག་འགྲེལ་དང་བཀོལ་སྤྱོད་གསོ་སྦྱོང་། བདེ་ཐང་འོས་འགན་སྨན་བཅོས་བཅས་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་སྨན་བཅོས་ཞབས་ཞུའི་གཤམ་སྤེལ་བྱེད་སྒོ་སྤེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་སྨན་དོན་ཚོགས་པས་སྡེ་ཁུལ་གྱི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་མྱུར་སྐྱོབ་གསོ་སྦྱོང་བྱས་པར་མ་ཟད། གློ་སྙིང་སླར་གསོ་དང་རྨ་རས་དཀྲི་བ་སོགས་ཀྱི་སྤྱོད་གོ་ཆོད་པའི་ནང་དོན་ལ་དམིགས་པ་དང་། གྲོང་མི་མང་ཚོགས་ཀྱི་འཚོ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ།གསལ་འགྲེལ་དང་དཔེ་སྟོན་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་ཆེད་ལས་ཀྱི་བདེ་ཐང་ཤེས་བྱ་དེ་གོ་བདེ་ཤེས་སླའི་བདེ་ཐང་གི་དྲན་སྐུལ་ཆུང་ངུ་ཞིག་ཏུ་འགྱུར་བར་བྱས་ནས་ཁོངས་གཏོཊ་ཁུལ་གྱི་གྲོང་མི་མང་ཚོཊ་ཀྱི་འགོག་སྲུང་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད། འོས་འགན་སྨན་བཅོས་ཀྱི་ལྷུ་ཚིགས་སུ་ཏང་ཡོན་སྨན་པས་གྲོང་མིའི་ཁྲག་ཤེད་མཐོ་བ་དང་། གྲུམ་བུའི་ནད་སོགས་ཀྱི་གནད་དོན་ལ་ངང་རྒྱུད་རིང་པོས་ལན་བརྒྱབ་ནས་གྲོང་མིར་རང་སོའི་ནད་ཀྱི་ཁྱད་ཆོས་ཐད་མཛུབ་ཁྲིད་བྱས་པ་དང་འབྲེལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པ་རེད།

གཞན་ཡང་།བྱེད་སྒོའི་ནང་ད་དུང་ཤེས་བྱའི་འགྲན་བསྡུར་གྱི་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དང་། སྨན་སྤྱོད་ལག་རྟགས་སྤྲད་པས་མང་ཚོགས་ཀྱི་སྤྲོ་སེམས་འཕེལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོར་རིམ་རྩིས་བྱས་ན་མི་ཐེངས་100ལྷག་ཙམ་ལ་ཞབས་ཞུ་བསྒྲུབས་ནས་མང་ཚོགས་ཚོར་དམངས་ཕན་གྱི་ཕན་འབྲས་དངོས་ཐོབ་པར་བྱས་ཡོད།

ཀུན་བདེ་གླིང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཀྲང་ཅུན་གྱིས་ཕྱིས་འབྱུང་།

ང་ཚོས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ངས་མང་ཚོགས་ལ་བྱ་བ་དངོས་བསྒྲུབ་ཅེས་པའི་བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། སྤུས་ལེགས་ཀྱི་ཞབས་ཞུས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ལ་ཐུགས་ཁུར་དང་འགན་འཁྲི་འཁུར་སེམས་གསལ་བཤད་བྱ་རྒྱུ་ཡིན་ཞེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-17 6 6 拉萨日报藏文 c200928.html 1 ཀུན་བདེ་གླིང་ཁྲོམ་གཞུང་གིས་དམངས་ཕན་སྨན་བཅོས་ཞབས་ཞུའི་བྱེད་སྒོ་སྤེལ་བ། /enpproperty-->