分享按钮

དུས་རབས་གསར་པའི་བོད་ཀྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་ཆེད་དོན་ཞིབ་གྲོས་གླེང་སྟེགས་ལྷ་སར་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གསར་འབྱེད་གསར་གཏོད་ཀྱིས་སེམས་ནུས་གཅིག་ཏུ་སྒྲིལ་བ་དང་། ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་འབྱུང་འགྱུར་གསར་པ་མཉམ་དུ་དོན་གཉེར་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི་དུས་རབས་གསར་པའི་བོད་ཀྱི་ལས་རིཊ་སློབ་གསོའི་འཕེལ་རྒྱས་ཀྱི་ཆེད་དོན་ཞིབ་གྲོས་གླེང་སྟེགས་དེ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་རིག་གཞུང་སྙན་ཞུ་ཚོམས་ཆེན་དུ་གཉེར་བ་རེད། གླེང་སྟེགས་ཐོག་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སོགས་མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ལས་རིགས་དང་ཁེ་ལས་ཀྱི་འཐུས་མི་མཉམ་དུ་འཛོམས་ནས་བོད་ཀྱི་ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

གླེང་སྟེགས་ཐོག ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་སྲིད་ཇུས་གསར་པར་གསལ་འགྲེལ་དང་། ས་གནས་ཀྱི་ལག་ལེན་གསར་གཏོད། སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་རིགས་སློབ་གསོ་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་གཏོང་སྟངས་ནུས་ལྡན་འཚོལ་ཞིབ་བྱས་ནས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་གཉེར་སྤུས་ཚད་མཐོ་རུ་གཏོང་བ་དང་སློབ་མའི་སློབ་རིམ་འཕར་བ་དང་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་ཆེད་ཐབས་འདོན་ཇུས་འབུལ་བྱས་ཡོད།

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་སྤྱི་གཞོན་པ་ཡུས་ཅེས། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་སྲིད་གཞུང་དང་། སློབ་གླིང་། ཁེ་ལས། ལས་རིགས་བཅས་ཀྱི་རིགས་གཅིག་མཁས་ཅན་གྱི་ཕྱོཊ་མང་བགྲོ་གླེང་གི་ལས་སྟེགས་བསྐྲུན་ནས་དུས་རབས་གསར་པའི་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྱོང་གི་གོ་སྐབས་དང་།འགྲན་སློང་ལ་ཐུན་མོང་ཐོག་དབྱེ་ཞིབ་བྱེད་པ་དང་འཕེལ་རྒྱས་ཀྱི་འཇུར་མིག་ལས་སྒྲོལ་རྒྱུར་རོགས་རམ་བྱས་ཏེ་བོད་ཀྱི་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བ་དང་། ཁྱད་ལྡན་ཅན། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བཤད།

ཐེངས་འདིའི་གླེང་སྟེགས་ཀྱིས་བོད་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་རྩ་ཆེའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་།བསམ་ཕྱོགས་ཀྱི་བློ་སྒོ་ཕྱེ་ནས་ལས་རིགས་སློབ་གསོ་དང་ས་ཁོངས་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ།བོད་ཀྱིས་བྱང་ཚད་མཐོ་བའི་ལག་རྩལ་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་ཆེད་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-17 6 6 拉萨日报藏文 c200929.html 1 དུས་རབས་གསར་པའི་བོད་ཀྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་ཆེད་དོན་ཞིབ་གྲོས་གླེང་སྟེགས་ལྷ་སར་འཚོགས་པ། /enpproperty-->