分享按钮

རང་ལྗོངས་ཀྱིས་2025ལོའི་དྲ་ཐོག་ནས་ལས་མིའི་དྲང་ནུས་གཅིག་སྡུད་བྱས་ཏེ་ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བྱེད་ཅེས་པའི་གཙོ་དོན་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་15ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན།རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་བཀོད་སྒྲིག་གཞིར་བཟུང་།འདི་ལོ་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དང་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་མཉམ་འབྲེལ་ཐོག་2025ལོའི་དྲ་ཐོག་ནས་ལས་བཟོའི་དྲང་ནུས་གཅིག་སྡུད་བྱས་ཏེ་ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བྱེད་ཅེས་པའི་གཙོ་དོན་བྱེད་སྒོ་སྤེལ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།དྲ་ཐོག་ནས་ལས་བཟོའི་དྲང་ནུས་གཅིག་སྡུད་བྱས་ཏེ་ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བྱེད་ཅེས་པའི་གཙོ་དོན་བྱེད་སྒོའི་ནང་ཡན་ལག་རྣམ་གྲངས་བཅུ་ཚུད་ཡོད་པ་དང་།གཙོ་བོ་དྲ་རྒྱའི་དྲང་ནུས་གླུ་གཞས་དང་། བརྙན་ཐུང་།འགུལ་རིས་བརྩམས་ཆོས།པར་ལེན་བརྩམས་ཆོས།ཀློག་འདོན་བརྩམས་ཆོས། ལས་བཟོའི་དྲ་ཐོག་སྐད་གྲགས་ཆེ་བའི་ཨང་རྟཊ། ཕུལ་བྱུང་དྲ་རྒྱའི་དཔྱད་གཏམ་བརྩམས་ཆོས།བཟོ་ཚོགས་ཀྱི་སྨྱན་སྦྱོར་གསར་པའི་ཨང་རྟགས།AIབཀོལ་སྤྱོད་དཔེ་མཚོན།དྲ་རྒྱའི་དྲང་ནུས་གསར་གཏོད་བྱེད་སྒོ་བཅས་བསྡུ་རུབ་བྱ་རྒྱུ་རེད།

གཞན་ཡང་།རང་ལྗོངས་ཀྱིས་ད་དུང་དྲ་ཐོག་དང་དྲ་ཕྱིའི་མཉམ་འདྲེས་མཉམ་འགུལ་མཐའ་འཁྱོངས་བྱ་རྒྱུ་དང་།གཙོ་དོན་བྱེད་སྒོར་བརྟེན་ནས་སྣ་མང་ཕུན་སུམ་ཚོགས་པའི་དྲང་ནུས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་ཏེ་གཙོ་དོན་བྱེད་སྒོ་གཞི་རིམ་གྱི་འཐབ་ས་མདུན་མ་དང་ལས་བཟོ་མང་ཚོགས་ཁྲོད་དུ་སྤེལ་རྒྱུར་སྐུལ་འདེད་ཤུཊ་ཆེན་གཏོང་རྒྱུ་རེད།རིམ་ཁག་བཟོ་ཚོགས་ཀྱིས་ཡུལ་བབ་དང་བསྟུན་ནས་ལས་བཟོ་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་དྲ་རྒྱའི་རིག་གནས་བྱེད་སྒོ་སྤེལ་རྒྱུར་སྐུལ་ལྕག་བྱེད་པ་དང་། རྣམ་གྲངས་ཁག་དབར་ལམ་སྲོལ་གསར་གཏོད་དང་།རྣམ་གྲངས་སྐུལ་འདེད།གྲུབ་འབྲས་མཉམ་སྤྱོད་སོགས་ཐད་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་ཆ་གསབ་རེས་བྱས་ཏེ་བྱེད་སྒོའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ།རྣམ་གྲངས་སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་ཀྱང་རྣམ་གྲངས་ཀྱི་ཁྱད་ཆོས་གཞིར་བཟུང་།བསྡུ་རུབ་བྱེད་སྒོའི་ཇུས་གཞི་ཞིབ་ཕྲ་བཟོ་རྒྱུ་ཡིན་པའི་ནང་རང་སོ་སོའི་ཐབས་ལམ་བརྒྱུད་བསྡུ་རུབ་བརྡ་ཐོ་གཏོང་བ་དང་།བརྩམས་ཆོས་ཀྱི་གཙོ་དོན་དང་བླང་བྱ་ཁ་གསལ་བཟོ་བ།རྩོམ་བསྡུའི་ཐབས་ལམ་དང་དཔྱད་འདེམས་ཀྱི་ཚད་གཞི་བཟོ་བ།འགྲན་ཞུགས་བརྩམས་ཆོས་བསྡུ་རུབ་བྱེད་པ།འགྲན་ཞུགས་བརྩམས་ཆོས་ལ་ཐོག་མའི་ཞིབ་དཔྱད་བྱེད་པ།དཔྱད་འདེམས་བྱས་པའི་ཕུལ་བྱུང་བརྩམས་ཆོས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ལ་ཕུལ་ནས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཐའ་མའི་ཞིབ་དཔྱད་བྱ་རྒྱུ་རེད།

བྱེད་སྒོའི་བཀོད་སྒྲིག་གཞིར་བཟུང་།ཟླ་5པ་ནས་8པའི་བར་རང་ལྗོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་ས་གནས་འདི་ག་དང་ཐོན་ལས(ཁོངས་གཏོཊ)འདི་གའི་ལས་ཀའི་གནས་ཚུལ་དང་ཟུང་འབྲེལ་གྱིས་མི་རིགས་ཁག་གི་ལས་བཟོ་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཕུལ་བྱུང་གི་བརྩམས་ཆོས་དང་དཔེ་གཞི་གསར་རྩོམ་དང་གོང་འབུལ་བྱ་རྒྱུ།བྱེད་སྒོའི་རྣམ་གྲངས་གཞིར་བཟུང་ལས་བཟོའི་དྲང་ནུས་ཀྱི་བརྩམས་ཆོས་བསྡུ་རུབ་དང་ལེགས་སྒྲིག་བྱས་ཏེ།རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ལ་དཔྱད་འདེམས་ནང་ཞུགས་རྒྱུར་ཕུལ་བྱུང་ནང་དོན་འོས་སྦྱོར་བྱ་རྒྱུ།དུས་ཐོག་ཏུ་དྲ་ཕྱིའི་བྱེད་སྒོ་སྤེལ་ནས་གཙོ་དོན་བྱེད་སྒོ་གཞི་རིམ་དུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ།ཟླ་8པ་ནས་11པའི་བར།རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བསྡུ་རུབ་བྱས་པའི་ནང་དོན་ལ་ཞིབ་དཔྱད་དང་ཡོངས་བསྒྲགས་བྱ་རྒྱུ་དང་།ཕུལ་བྱུང་བརྩམས་ཆོས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་དྲ་དམངས་ལས་སྟེགས་ཡག་པོའི་འདེམས་བསྐོའི་ནང་ཞུགས་རྒྱུར་གོང་འབུལ་བྱ་རྒྱུ།ཟླ་12པར་ལོ་ཧྲིལ་པོའི་བྱེད་སྒོའི་གནས་ཚུལ་ཕྱོགས་བསྡོམས་བྱས་ཏེ་ལོ་ཧྲིལ་པོའི་གཙོ་དོན་བྱེད་སྒོའི་ཕུལ་བྱུང་གྲུབ་འབྲས་དང་ཕན་འབྲས་མངོན་གསལ་དོད་པའི་ཚན་པ་དང་མི་སྒེར་གྱི་བརྡ་ཁྱབ་པར་འགྲེམ་བྱ་རྒྱུ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-17 6 6 拉萨日报藏文 c200927.html 1 རང་ལྗོངས་ཀྱིས་2025ལོའི་དྲ་ཐོག་ནས་ལས་མིའི་དྲང་ནུས་གཅིག་སྡུད་བྱས་ཏེ་ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བྱེད་ཅེས་པའི་གཙོ་དོན་བྱེད་སྒོ་སྤེལ་རྒྱུ་ཡིན་པ། /enpproperty-->