分享按钮

(པར་ངོས་དང་པོར་མཐུད)ཝང་ཆང་དང་། ལི་ཧྲི་རུང་། སྐལ་བཟང་དབང་མོ། བསོད་ནམས་འཇིགས་མེད་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་གསུང་བཤད་གནང་སྐབས། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་བཙུགས་པ་དང་འཕེལ་རྒྱས་བཏང་བའི་རླབས་ཆེན་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བརྩེ་དུང་ཟབ་མོ་ལྡན་པའི་སྒོ་ནས་ཕྱིར་དྲན་གནང་ཞིང་། ལོ་ངོ་70ཡི་རིང་།

མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་ཡལ་འདབས་རྒྱས་ནས་དུས་ཡུན་རིང་པོའི་ནང་གསོན་ཤུགས་ཆེན་པོ་དང་ཁྱད་འཕགས་རང་བཞིན་མངོན་གསལ་དོད་པོ་ཡོད། ལྷག་པར་དུ་དུས་རབས་གསར་པར་སླེབས་སྐབས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དུ་གཏོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་གཞིགས་ནས་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱ་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ལོ་དྲུག་ཅུའི་རིང་།ཟིལ་རླབས་དགུང་དུ་འཕྱུར་བ་དང་གཡུར་ཟའི་འབྲས་བཟང་སྨིན་ཡོད། སྐབས་རིམ་བྱུང་གི་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་རྒྱུན་ལས་ཨུ་ལྷན་གྱིས་དཀའ་སྤྱད་འབད་འཐབ་དང་ཡུན་རིང་ཧུར་བརྩོན་བྱས་པ་བརྒྱུད། ཏང་གི་འགོ་ཁྲིད་ཀྱི་གཙོ་དོན་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་དང་།ཁྲིམས་སྐྱོང་གི་ཕྱོགས་སྟོན་སྔར་བས་མངོན་གསལ་དོད་དུ་ཕྱིན་པ། དམངས་ཀྱི་ཐོག་མའི་བསམ་འདུན་གྱི་ཆེད་དུ་ལངས་ཕྱོགས་སྔར་བས་བརྟན་དུ་ཕྱིན་པས་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དེ་ལྷ་སའི་ས་གཞི་ཆེན་པོའི་ཐོག་རྩ་བ་བརྟན་པོར་ཚུགས་ཡོད་ཅེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ལོ་60ཡི་རིང་། འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལེགས་སྒྲུབ་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་སྟེ། ཆབ་སྲིད་སྟོབས་ཆེ་ན་ཁ་ཕྱོགས་གསལ་པོ་ཡིན་པས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་དགོས།ཁྲིམས་ལྟར་བདེ་འཇགས་སྲུང་སྐྱོང་བྱས་ན་བྱ་གཞག་གོང་དུ་འཕེལ་གྱི་ཡོད་པས་ངེས་པར་ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་རྒྱུ་མཐའ་འཁྱོངས་བྱ་དགོས། མི་སེམས་གཅིག་ཏུ་བསྒྲིལ་ན་རྨང་གཞི་གཏིང་ཟབ་པས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱ་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འགན་འཁྲི་གསར་པ་དང་ལས་འགན་གསར་པ་དཀྲིས་ཡོད། ལོ་རྒྱུས་ཀྱི་འགོ་ཚུཊ་ས་གསར་པའི་ཐོག་ལངས་ནས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་དྲང་བདེན་ཁྲོད་འཕེལ་རྒྱས་གཏོང་བ་དང་གསར་གཏོད་ཁྲོད་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ལྷ་སའི་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་ལག་ལེན་གྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་རྒྱུན་ཆད་མེད་པར་ཕུན་སུམ་ཚོཊ་སུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྔར་ལས་ཆེ་བ་གཅིག་སྒྲིལ་དང་སྒུལ་ཤུགས་སྔར་ལས་ལྷག་པ་འདོན་སྤྲོད་བྱ་དགོས་ཞེས་ནན་གསུངས་གནང་བ་རེད།

མི་དམངས་འཐུས་ཚོགས་ཀྱིས་ཏང་གི་ཆེད་དུ་ལས་དོན་སྒྲུབ་པའི་རྨང་གཞི་མུ་མཐུད་ནས་གསལ་པོ་བཟོ་དགོས་ཤིང་། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སྤྱད་དེ།འདོད་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་བྱས་ནས་རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་ལྟེ་བའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིགས་དང་འཆར་འགོད་གང་ལེགས་བྱས་ནས་སྐུལ་འདེད་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།

མི་དམངས་འཐུས་ཚོགས་ཀྱིས་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པའི་ཁྱད་ཆོས་མུ་མཐུད་ལེགས་སུ་གཏོང་དགོས་ཤིང་། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ནུས་ཤུགས་ཡོད་རྒུས་བཅའ་ཁྲིམས་བཟང་པོ་འཛུགས་རྒྱུ་དང་བཅའ་ཁྲིམས་ཀྱིས་ཕན་ནུས་ཐོན་པར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ་དོན་འཁྱོལ་རང་བཞིན་དང་། རོགས་རམ་གྱི་རྣམ་པ། གསང་མིག་གནོན་པ་ལྟ་བུའི་ལྟ་སྐུལ་བཅས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཁྲིམས་སྐྱོང་གི་མེ་ཏོག་རྣམ་པར་བཞད་པའི་ཐད་རོགས་རམ་ཧུར་ཐག་བྱེད་དགོས།

མི་དམངས་འཐུས་ཚོགས་ཀྱིས་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་རང་མདངས་མངོན་པར་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་གཏམ་བཤད་བྱེད་པ་དང་། མང་ཚོགས་ལ་བསམ་འཆར་འདྲི་རྒྱུ་དང་འཐུས་མིར་བསམ་འཆར་འདྲི་རྒྱུ་མཐའ་འཁྱོངས་བྱས་ནས་འབྲེལ་བ་གཉིས་ཞེས་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་སྤྱི་ཚོགས་ཀྱི་གནད་དོན་ལ་དངོས་གནས་དོ་ཁུར་བྱེད་པ་དང་སེམས་གཏམ་ངོ་མར་ཉན་དགོས། མང་ཚོགས་ལ་བསམ་འཆར་ཡོད་པ་དང་། བསམ་འཆར་ལ་ལན་ཡོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་གསོན་ཤུགས་རྒྱས་པར་སྐུལ་འདེད་གཏོང་དགོས།

ཤའོ་ཡིའུ་ཚའེ་ཡིས་མི་དམངས་འཐུས་ཚོགས་རིམ་ཁག་དང་རྒྱུན་ལས་ཨུ་ལྷན་གྱིས༂མི་དམངས་འཐུས་ཚོགས་ནི་འཐབ་ས་མདུན་མའི་ལས་ཁུངས་ཤིག་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ཆབ་སྲིད་ལ་བློ་དཀར་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་ལ་བརྩི་འཇོག དམངས་གཙོ་དར་སྤེལ། འགན་འཁྲི་ཧུར་ཐག་སྒྲུབ་པ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དཔུང་ཁག་ཅིག་མགྱོགས་མྱུར་སྐྲུན་དགོས། ཏང་ཨུད་དང་སྲིད་གཞུང་རིམ་ཁག་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གཙོ་བོར་འཛིན་ནས་བསམ་བློའི་ཐད་མཐོང་ཆེན་གང་ལེགས་བྱེད་པ་དང་། ལས་ཀའི་ཐད་ཡིད་ཆེས་གང་ལེགས་བྱེད་པ། ཇུས་ཐག་གཅོད་པའི་ཐད་བརྩི་འཇོག་གང་ལེགས་བྱེད་པ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་དབང་སྤྱོད་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་ནན་གསུངས་གནང་བ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-17 6 6 拉萨日报藏文 c200926.html 1 /enpproperty-->