分享按钮

ཞི་ཅིན་ཕིང་གིས་ཐོ་ཀོའི་གསར་བསྐོས་འགོ་ཁྲིད་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

(པར་ངོས་དང་པོར་མཐུད)

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐོ་ཀོའི་མཛའ་གྲོཊ་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རིམ་བྱུང་གིས་ཐུན་མོང་ཐོག་བཏོད་པ་དང་སེམས་ནུས་ཡོད་རྒུས་གསོ་སྐྱོང་བྱས་པ་ཞིག་རེད།དུས་རབས་ཕྱེད་ཀ་ལྷག་ཙམ་རིང་།ཕྱོགས་གཉིས་པོས་ཟོལ་མེད་མཛའ་མཐུན་དང་། འདྲ་མཉམ་དང་ཕན་ཚུན་ཡིད་ཆེས། མཉམ་ལས་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱེད་བཞིན་པ་དང་།ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པས།རྒྱལ་ཁབ་ཆེ་ཆུང་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་མཉམ་ལས་བྱེད་པའི་མིག་དཔེར་གྱུར་ཡོད། 2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་རིང་ཀྲུང་གོ་དང་ཐོ་ཀོའི་འབྲེལ་བ་དེ་ཕྱོཊ་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ང་རང་ནས་ཀྲུང་གོ་དང་ཐོ་ཀོའི་འགོ་ཁྲིད་མི་སྣ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས་སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་བཏང་སྟེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཐོག རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཆང་གིས་ཀྱང་ཧྥུ་ལེ་ཡིས་ཐོ་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞིའི་འགན་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-17 6 6 拉萨日报藏文 c200925.html 1 ཞི་ཅིན་ཕིང་གིས་ཐོ་ཀོའི་གསར་བསྐོས་འགོ་ཁྲིད་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། /enpproperty-->