ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་14ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ལིན་ཡུང་གིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན། གྲོང་ཨུད་བཅས་ཀྱི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ།གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་བ་རེད།
ཚོགས་འདུའི་ཐོག ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་ཐད་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། རྫོང་རིམ་པའི་ཚད་ལྡན་ཅན་འཛུགས་སྐྱོང་གཙོ་གནད་དུ་བཟུང་སྟེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ལས་འགན་གྱི་དམིགས་འབེན་ལ་དམིགས་པ་དང་། དུས་ཚོད་དང་མཚམས་ཚིགས་ལ་དོ་སྣང་བྱས་ཏེ་འཛུགས་སྐྱོང་ལ་ལྟ་སྟངས་ནན་པོ་དང་དམ་འཛིན་གང་ལེགས་བྱས་ནས་ཡོད་པ་ལྔ་ཞེས་པའི་དམིགས་འབེན་མངོན་འགྱུར་ཧུར་ཐག་བྱ་རྒྱུ་དང་ཚད་ལྡན་ཅན་ལྔ་ཞེས་པའི་བླང་བྱ་དང་མཐུན་པར་བྱེད་དགོས། མང་ཚོགས་ཀྱི་རེ་འདོད་ཚང་མར་སྒྲུབ་མཁན་ཡོད་པ་དང་ཁྲིམས་ལྟར་བསྒྲུབ་དགོས། ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཤིང་། འགན་ནུས་ཀྱི་ངེས་གནས་ཡང་དག་བཙལ་ནས་སྟོབས་ཤུགས་གཅིག་སྒྲིལ་དང་ནུས་ཤུགས་མཉམ་འདོན་ལ་ཤུགས་སྣོན་བརྒྱབ་སྟེ། བཅའ་སྡོད་སྡེ་ཁག་དང་བཅའ་སྡོད་མི་སྣའི་ནུས་པ་འདོན་སྤེལ་དང་། མང་ཚོགས་ཀྱི་རེ་འདོད་ལ་རྗེས་སྙེག་ཐག་གཅོད་དང་། ཐག་གཅོད་ཡང་དག རྒྱ་བསྐྱེད་ཐག་གཅོད་བཅས་ཐུབ་པར་བྱས་ཏེ།བྱ་བ་བཟང་པོ་དངོས་སུ་སྒྲུབ་པ་དང་བྱ་བ་དངོས་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཚོགས་འདུའི་རིང་། ཚོགས་ཞུགས་མི་སྣ་ད་དུང་ཁྲེང་ཀོན་ཆུས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བསྐྱོད་དེ་ཡུལ་དངོས་སུ་ལྟ་སྦྱོང་བྱས་པ་རེད།
པ་སངས་རྡོ་རྗེ་དང་། ལི་ཧྲི་རུང་། སྐལ་བཟང་དབང་མོ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社