分享按钮

གྲོང་ཁྱེར་སྲིད་གཞུང་དང་པེ་ཅིང་བཟོ་ལས་སློབ་ཆེན་དབར《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་14ཉིན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་པེ་ཅིང་བཟོ་ལས་སློབ་ཆེན་དབར《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་པ་རེད།

གྲོང་སྤྱི་གཞོན་པ་ལུའུ་ཚུང་ཧྥུ་ཡིས་གན་རྒྱ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

མིང་རྟགས་འགོད་པའི་མཛད་སྒོའི་ཐོག ལུའུ་ཚུང་ཧྥུ་ཡིས་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་གནང་བ་དང་། པེ་ཅིང་བཟོ་ལས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཧོ་མིང་དང་བཅས་པས་སློབ་གསོ་སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཐད་ཀྱི་པེ་ཅིང་བཟོ་ལས་སློབ་ཆེན་གྱི་འཕེལ་རྒྱས་གྲུབ་འབྲས་ངོ་སྤྲོད་གནང་བ་རེད། ཕྱོགས་གཉིས་པོས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་པེ་ཅིང་བཟོ་ལས་སློབ་ཆེན་གྱི་ཚབ་ཞུས་ནས《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་པ་རེད།

ལུའུ་ཚུང་ཧྥུ་ཡིས་ཐེངས་འདིའི་གན་འཇོག་མཛད་སྒོས“ལེགས་ཆ་གསབ་རེས་དང་། གཉིས་ཁེ་གཉིས་ཕན། ཡུན་རིང་མཉམ་ལས། ཐུན་མོང་འཕེལ་རྒྱས”བཅས་རྩ་དོན་དུ་བྱས་པ་དང་། དེའི་དམིགས་ཡུལ་ནི་ལྷ་ས་གྲོང་ཁྱེར་དང་པེ་ཅིང་བཟོ་ལས་སློབ་ཆེན་དབར་གྱི་འཐབ་ཇུས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད་རེད། གྲོས་མཐུན་བཞག་པ་དེས་ལྷ་སའི་ཏང་འཛུགས་སྐྱོང་ལས་དོན་དང་། ཚན་རྩལ་གསར་གཏོད། ཆ་འཕྲིན་ཅན་གྱི་མདུན་ཕྱོགས་ལག་རྩལ་དང་ཆ་འཕྲིན་ཅན་གྱི་ཐོན་ལས། ཤེས་ལྡན་མི་སྣའི་སྤེལ་རེས་དང་མཉམ་ལས་སོགས་ཁྱབ་ཁོངས་མང་པོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་གསུངས་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-17 6 6 拉萨日报藏文 c200922.html 1 གྲོང་ཁྱེར་སྲིད་གཞུང་དང་པེ་ཅིང་བཟོ་ལས་སློབ་ཆེན་དབར《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་པ། /enpproperty-->