分享按钮

ལོ་དྲུག་ཅུའི་རིང་འབད་འཐབ་བྱས་ནས་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་པ་དང་སེམས་ནུས་གཅིག་སྒྲིལ་གྱིས་རྒྱང་ལམ་གསར་པར་བསྐྱོད།

རང་གྲོང་གིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བ་དང་གྲོང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་ཟུར་བྲིས།

ཟླ་5ཚེས་15ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གཞུང་གི་གྲོས་ཚོགས་ལྟེ་གནས་ཀྱི་རྣམ་པ་བརྗིད་ཉམས་ལྡན་ལ་སྤྲོ་སེམས་འཁོལ་བ་ཞིག་ཡོད་ཅིང་། དེ་གར་རང་གྲོང་གིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བ་དང་གྲོང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུ་འཚོགས་པ་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འགན་འཁུར་བ་དེ་བཞིན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་བཅས་མཉམ་དུ་འཛོམས་ནས་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ལོ་60རིང་གི་ལོ་རྒྱུས་ཀྱི་ལམ་བུ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཐུན་མོང་ཐོག་ཕྱིར་དྲན་བྱས་ཏེ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་འཆར་གཞི་གསར་པ་བཀོད་པ་རེད།

མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་བཙུགས་པ་དེས་ཀྲུང་གོའི་ཆབ་སྲིད་འདི་ཉིད་རྩ་བའི་ཆ་ནས་མི་ཉུང་ཤས་ཀྱིས་སྲིད་དབང་འཛིན་པ་དང་མི་མང་ཆེ་བ་གཉའ་གནོན་དང་བཤུ་གཞོག་མྱོང་བ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་མཆོང་སྐྱོད་རླབས་ཆེན་བྱུང་བ་མཚོན་ཡོད། 1965ལོའི་ཟླ་8ཚེས་15ཉིན་ནས་ཚེས་20ཉིན་བར། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་རྒྱལ་ཁའི་ངང་འཚོགས་པ་དེའི་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལྷ་སར་ཕྱོགས་ཡོངས་ནས་དངོས་སུ་དབུ་བརྙེས་པ་མཚོན་ཡོད། སྤྱིར་བཏང་མ་ཡིན་པའི་ལོ་ངོ་དྲུག་ཅུའི་རིང་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་60ཡི་ཚུན་དུ། ཏང་ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་འགྲོས་དང་བསྟུན་པ་དང་མི་དམངས་དང་བདེ་སྡུག་མཉམ་མྱོང་བྱས་ནས་སྤྱིར་བཏང་གཏན་ནས་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་ཡོད། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་མཚམས་སུ་གྲོང་ཨུད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ་དེས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

འདས་ཟིན་པའི་ལོ་60ལ་ཕྱིར་མིག་བལྟས་ཚེ། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས་ལྷ་སའི་དམངས་གཙོའི་ཁྲིམས་སྐྱོང་ལམ་བུའི་ཐོག་བཞག་པའི་སྲ་ཞིང་བརྟན་པའི་བྱས་རྗེས་མཐོང་རྒྱུ་ཡོད། དབུ་བརྙེས་ཚུན། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ས་གནས་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཡོད། ཁྲིམས་འཛུགས་ལས་དོན་ཐད་ལྷ་སའི་དོན་དངོས་ལ་གཞི་ཚུགས་ནས་གྲོང་ཁྱེར་གྱི་གནས་ཚུལ་དང་མཐུན་པ་དང་དམངས་ཀྱི་འདོད་བློ་མཚོན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་རབ་དང་རིམ་པ་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་དང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་ནས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བར། ཁྲིམས་སྲོལ་རེ་རེ་བཞིན་བཏོན་པ་དེའི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ཀྱི་བློ་གྲོས་དང་རང་འགན་གཙང་སྒྲུབ་བྱས་པ་མངོན་ཡོད། ལྟ་སྐུལ་ལས་དོན་ཐད་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་མུ་མཐུད་དམིགས་ཏེ། ལྟ་སྐུལ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་བཏང་ཡོད། ཁྲིམས་བསྟར་ཞིབ་བཤེར་དང་། ཆེད་དོན་བརྟག་ཞིབ། ཆེད་དོན་ལས་དོན་སྙན་ཞུར་གསན་འཇོག་དང་གྲོས་ཞིབ་བྱེད་པ་སོགས་བྱ་ཐབས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་གཞུང་གཅིག་ཨུད་གཅིག་ཁང་གཉིས་ཀྱི་ལས་ཀར་ལྟ་སྐུལ་ནུས་ལྡན་བྱས་པ་དང་། ལས་དོན་ཁག་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྤེལ་བར་སྐུལ་འདེད་བཏང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་གྲུབ་ཆ་གཙོ་བོ་ཡིན། ལོ་60ཡི་ཚུན་དུ། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རང་འགན་གཙང་སྒྲུབ་བྱས་ནས་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ་དམངས་ཀྱི་སྐད་ཆ་ཉན་པ་དང་དམངས་ཀྱི་འདོད་བློ་མཚོན་པར་བྱས་ཡོད། ཁོང་ཚོས་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ། སྤུས་ཚད་མཐོ་བའི་གྲོས་གཞི་དང་གྲོས་འགོ་འབོར་ཆེན་བཏོན་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དངོས་ཁག་གཅིག་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། འཐུས་མི་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་ངས་མི་དམངས་ཀྱི་ཆེད་དུ་འཐུས་མི་བྱེད་པའི་བརྗིད་ཆེའི་དམ་བཅའ་ལག་ལེན་བསྟར་བས་ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་སྒྲོག་ཐག་ལྟ་བུར་གྱུར་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-17 རང་གྲོང་གིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བ་དང་གྲོང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་ཟུར་བྲིས། 6 6 拉萨日报藏文 c200924.html 1 ལོ་དྲུག་ཅུའི་རིང་འབད་འཐབ་བྱས་ནས་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་པ་དང་སེམས་ནུས་གཅིག་སྒྲིལ་གྱིས་རྒྱང་ལམ་གསར་པར་བསྐྱོད། /enpproperty-->