ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་དང་ཕན་འབྲས་ཆེར་གཏོང་གི་ལས་དོན་སྙན་སེང་ལ་གསན་པ་དང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བའི་འབྲེལ་ཡོད་བྱ་ཐབས་ལ་ཞིབ་འཇུག་བྱས་པ་རེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ཐོག་ཆེད་དུ་བཀོད་སྒྲིག་བྱས་ཏེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་རང་མོས་ཉོ་འཚོང་ཚོད་ལྟའི་ཁུལ་གྱི་རིམ་སྤོར་འཐབ་ཇུས་ལག་བསྟར་བྱེད་དགོས་ཞེས་གསལ་པོར་བཏོན་ཡོད། མི་རིང་བའི་གོང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་རིམ་སྤོར་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལས་དོན་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད།
ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་དཔལ་འབྱོར་མཉམ་ལས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཚུའེ་ཝའེ་ཅེ་ཡིས་མིག་སྔའི་རྙོག་འཛིང་ཆེ་ལ་ཛ་དྲག་པའི་རྒྱལ་སྤྱིའི་དུས་བབ་འོག་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ནི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་ཡིན་ཞེས་དང་། ཁོང་གིས་ཚོགས་འདུའི་ཐོག་ཡུལ་བབ་དང་བསྟུན་ནས་སྒྱུར་བཅོས་ཀྱི་ལས་འགན་དབང་ཆ་སྤྲོད་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བཀོད་སྒྲིག་བྱས་ཏེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱིས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་འབྲེལ་མཐུད་དང་ཆུ་ཚད་མཐོ་བའི་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་འཚོལ་ཞིབ་དེ་བས་མང་བ་བྱས་ནས་ཚད་བརྒལ་རང་བཞིན་གྱི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད། དེ་དང་ཆབས་ཅིག་ཚོགས་འདུའི་ཐོག་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་ཁག་གིས་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་ས་ཁོངས་ཀྱི་བཀོད་པའི་ཁྱབ་ཁོངས་ལེགས་སྒྲིག་བྱ་རྒྱུ་བཏོན་པ་དེས་ཚོད་ལྟའི་ལས་འགན་གྱི་རེ་ཞུ་དང་ས་ཁོངས་ཀྱི་བཀོད་པའི་ཁྱབ་ཁོངས་འཚམ་པོ་མེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་པ་ཡོད་པ་དང་གནད་སྨིན་འཐུས་ཚང་གི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཡག་པོ་ཐེབས་རྒྱུ་རེད།
ཚོགས་འདུའི་ཐོག་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ།ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་གཏིང་ཟབ་པའི་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་བྱས་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཕྱི་ཕྱོགས་དཔལ་འབྱོར་ཞིབ་འཇུག་པུའི་ཕྱོགས་བསྡུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲའོ་ཧྥུ་ཅུན་གྱིས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དེ་ཆུ་ཚད་མཐོ་བའི་སྒོ་དབྱེའི་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། ཚོགས་འདུའི་འབྲེལ་ཡོད་བཀོད་སྒྲིག་ནང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གསར་གཏོད་ཀྱི་ཚོད་ལྟའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ།ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་སོགས་མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ་རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་དམིགས་སའི་རང་བཞིན་ལྡན་པའི་བྱ་ཐབས་འདོན་རྒྱུར་སྐུལ་འདེད་བཏང་ནས་སྒྱུར་བཅོས་གསར་གཏོད་གཏིང་ཟབ་དང་། དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་བཅས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་བཤད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社