ཟླ་5ཚེས་10ཉིན། རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཉིན་མོ་ཐེངས་17པ་འཆར་ཉེར་ཡོད་པའི་མཚམས་སུ། ཧྲན་ཏུང་ཞིང་ཆེན་ཡོམ་འགོག་གེགས་སེལ་ཚན་རྩལ་གླིང་གིས་གནོད་འགོག་གེགས་སེལ་གྱི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་སྒོ་དབྱེའི་ཉིན་མོའི་བྱེད་སྒོའི་ནང་། ས་ཡོམ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཞབས་ཞུ་འགྲེམས་སྟོན་དང་། ཆེད་ལས་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་གི་སྦྱོང་བརྡར་རྣམ་གྲངས་འགྲེམས་སྟོན་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བའི་ཆེད་དུ་ཡིན་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社