ཚེས་9ཉིན་གྱི་སྔ་དྲོར་མོ་སི་ཁོའི་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་རབ་ཏུ་འཚེར་བའི་འོག་གི་གནའ་བོའི་ཐང་ཆེན་དམར་པོ་བརྗིད་ཉམས་ལྡན་པ་ཞིག་ཡོད། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོ་འདི་གར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་།འཛམ་གླིང་གི་རྒྱལ་ཁབ་20ལྷག་ཙམ། དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགོ་ཁྲིད་པ་བཅས་གདན་ཞུས་ལྟར་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད།
སྔ་དྲོའི་ཆུ་ཚོད་10པར་ཁེ་ལིན་མུའུ་ལིན་ཕོ་བྲང་གི་ཅོང་སྒྲ་གྲགས་པ་དང་བསྟུན་ནས་རྟེན་འབྲེལ་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། 《བླ་ན་མེད་པའི་དམག་འཁྲུག》ཅེས་པའི་ངར་ཤུགས་འཕེལ་བའི་རོལ་དབྱངས་དང་བསྟུན་ནས་གཟབ་སྦྲེང་རུ་ཁག་གིས་ཨུ་རུ་སུའི་རྒྱལ་དར་དང་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་གི་རྒྱལ་དར་ཁྱེར་ནས་ཐང་ཆེན་ཐོག་སྐྱོད་པ་དང་། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་པེ་ལོ་ཝུའུ་སུའོ་ཧྥུ་དམག་གཟིགས་རླངས་འཁོར་ལ་བཞུགས་ནས་ཐང་ཆེན་ལ་སྐོར་བ་གཅིག་བརྒྱབ་པ་རེད།
ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་དམག་གཟིགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་ཤིང་། ཁོང་གིས་དེ་རིང་དགའ་སྤྲོ་དང་། མྱ་ངན་གྱི་བསམ་པ།སྤོབས་པ།བཀའ་དྲིན་དྲན་པ་སོགས་ཀྱི་བརྩེ་སེམས་ཀྱིས་ང་ཚོ་རྡོག་རྩ་གཅིག་སྒྲིལ་བྱུང་ཡོད། ང་ཚོས་ན་ཙིའི་རིང་ལུགས་གཏོར་ཕམ་དུ་བཏང་བ་དང་གྲངས་ལས་འདས་པའི་ཚེ་སྲོག་བློས་བཏང་ནས་མིའི་རིགས་ཡོངས་ལ་རང་དབང་དང་ཞི་བདེ་སྦྱིན་པའི་མི་རབས་དེ་ཚོར་དད་གུས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社