分享按钮

ཡང་དག་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་དྲང་གཞག་དྲང་བདེན་གྱི་ཕྱོགས་སུ་ལངས་དགོས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྨྱན་སྦྱོར་ཐོག་སྤེལ་བའི་མཚན་བཀོད་རྩོམ་ཡིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

ཉིན་ཤས་གོང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྨྱན་སྦྱོར་ཐོག་འགོ་བརྗོད་དུ《ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་མཉམ་དུ་གཏོད》ཅེས་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་གནང་ཞིང་། ཁོང་གིས་ལོ་རྒྱུས་དཔྱད་གཞིར་བཟུང་ནས་འཛམ་གླིང་དམག་ཆེན་གཉིས་པའི་བསླབ་བྱ་གཏིང་ཟབ་དང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རླབས་ཆེན་རྒྱལ་ཁའི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ།རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་པའི་ནན་གསུངས་གནང་ཡོད།

རྒྱལ་ཁབ་མང་པོའི་མི་སྣས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ཁྲོད་དུ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་ནས་འགོ་བཙུགས་ཏེ་ལོ་རྒྱུས་བསྐྱར་དྲན་དང་དོན་དངོས་ལ་ཐད་ཀར་ཕྱོགས་ནས་དགོངས་པ་གལ་ཆེན་རབ་དང་རིམ་པ་བཏོན་གནང་ཡོད་ཅེས་དང་། ཕྱོགས་རྐྱང་རིང་ལུགས་དང་། བཙན་དབང་དང་དྲག་ཐབས་བཙན་བརྙས་བཅས་ཀྱི་བྱ་སྤྱོད་ཀྱིས་གནོད་འཚེ་ཚབས་ཆེན་བཟོ་བའི་དེང་གི་དུས་སུ་འཛམ་གླིང་རྒྱལ་ཁབ་ཁག་གིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་དྲང་གཞག་དྲང་བདེན་གྱི་ཕྱོགས་སུ་ལངས་ནས་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་གི་ཆེད་དུ་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བརྩོན་ལེན་བྱེད་དགོས་ཅེས་བཤད།

ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་སྲུང་སྐྱོབ་བྱ་ཆེད་མི་རྣམས་ཀྱིས་སྔར་བཞིན་འབད་བརྩོན་ལྷོད་མེད་བྱེད་དགོས།

ཨུ་རུ་སུའི་ཧྲེང་པི་ཏེ་པའོ་རྒྱལ་བཙུགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཨ་ལེ་ཁེ་ཤེ་·ལུའོ་ཅི་ཨའོ་ནུའོ་ཧྥུའུ་ཡིས། ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་བཅས་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་མཚམས་སུ།ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་མཐའ་འཁྱོངས་བྱེད་དགོས་པའི་ནན་གསུངས་གནང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། མཚན་བཀོད་རྩོམ་ཡིག་ནང《ཁ་ཆིའུ་ཧྲ》ཞེས་པའི་སུའུ་ལན་གྱི་གླུ་གཞས་གྲགས་ཅན“ལི་ཧྭ་མེ་ཏོག་གང་སར་བཞད”ཅེས་པའི་གླུ་ཚིག་དེ་དྲངས་ཡོད་པས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ངང་འབད་འཐབ་བྱེད་པའི་ཐུན་མོང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཡོད་པར་མ་ཟད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-12 ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྨྱན་སྦྱོར་ཐོག་སྤེལ་བའི་མཚན་བཀོད་རྩོམ་ཡིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། 6 6 拉萨日报藏文 c200827.html 1 ཡང་དག་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་དྲང་གཞག་དྲང་བདེན་གྱི་ཕྱོགས་སུ་ལངས་དགོས། /enpproperty-->