ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་10ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་དང་ཆབས་ཅིག་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོར་ཞུཊ་གྲུབ་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།
ཨུ་རུ་སུ་ནས་ཞལ་གྱེས་སྐབས། ཨུ་རུ་སུའི་སྲིད་བློན་གཞོན་པ་ཆེར་ནེ་ཧྲེན་ཁེ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གནམ་གྲུ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་ཡོད།
ཨུ་རུ་སུ་ཕྱོགས་ནས་གནམ་གྲུ་ཐང་དུ་ཞི་ཅིན་ཕིང་ལ་དགའ་སྐྱེལ་ཞུ་བའི་མཛད་སྒོ་གཉེར་ཡོད། དམག་དཔུང་རོལ་མོ་རུ་ཁག་གིས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་། ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་པ་རེད།
ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་འཕུར་རྗེས་ཨུ་རུ་སུའི་མཁའ་དམག་གི་དམག་འཐབ་གནམ་གྲུ་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་ཞུས་པ་རེད།
གནམ་གྲུ་ཐང་ལ་ཕེབས་པའི་ལམ་བར་དུ། ས་གནས་དེ་གའི་མང་ཚོགས་དང་། དེ་བཞིན་ཀྲུང་གོའི་མ་འཇོག་ཁེ་ལས་དང་ཕྱི་འགྲིམ་སློབ་མའི་འཐུས་མིས་ལམ་གྱི་གཞོགས་གཉིས་སུ་ལངས་ནས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ཤིང་། ཞི་ཅིན་ཕིང་ནས་ཨུ་རུ་སུར་འཚམས་འདྲི་གནང་བ་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社