བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཟླ་5ཚེས་9ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ནན་གསུངས་གནང་དོན། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། “རི་བོ་གཉིས”ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལས་དོན་སྤེལ་བ། འཆར་འགོད་མཐའ་གཅིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས། ལྕང་སོན་རིམ་པ་བཞིན་འདེབས་འཛུཊ། མི་རབས་ནས་མི་རབས་བར་སྒྲུབ་པ་བཅས་བྱས་ཏེ། རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་དགོས།
ཤའོ་ཡིའུ་ཚའེ་དང་། ཀུང་ཧུའེ་ཚའེ། བསྟན་པ། འཇམ་དཔལ། མོང་ཞའོ་ལིན་བཅས་བརྟག་ཞིབ་ནང་ཞུགས་ཡོད།
ས་མཐོར་དབྱར་ཁ་ཤར་བ་དང་བསྟུན་ནས་སྐྱེ་དངོས་སྣ་ཚོགས་ལ་སྐྱེ་སྟོབས་ཀྱི་དཔལ་ཡོན་རྒྱས། ཝང་ཅུན་ཀྲེང་སྔ་རྗེས་སུ་སྣེའུ་ཕུག་ལམ་དང་། སྟག་གདོང་ཡུག་ཁུལ་ཨང་2པ། བྱ་དཀར་ཕུག་ལམ་གྱི་ནགས་བཟོའི་ས་ཚིགས་བཅས་སུ་ཕེབས་ནས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་ལ་གཟིགས་ཞིབ་གནང་ཞིང་། ནགས་བཟོ་བྱ་ཡུལ་ཚང་མར་ཝང་ཅུན་ཀྲེང་རི་རྩེར་འཛེགས་ནས་ལྕང་སོན་སྐྱེ་ཚུལ་ལ་བརྟག་ཞིབ་ཞིབ་ཚགས་གནང་བ་དང་། ལམ་བར་དུ་ཕེབས་མཚམས་བཞག་སྟེ་ནགས་བཟོའི་ས་ཚིགས་ཀྱི་དེ་སྔོན་ཀྱི་རྣམ་པ་དང་ད་ལྟའི་རྣམ་པར་ཞིབ་བསྡུར་བྱས་ནས་གཟིགས་ཞིབ་གནང་བ། ལྕང་སོན་འདེབས་འཛུཊ་དང་། སྐྱེ་འཚར་གྱི་དུས་བཀག རྒྱུན་ལྡན་གྱི་བདག་སྐྱོང་གནས་ཚུལ་བཅས་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། མཐོ་སར་འཛེགས་ནས་རྒྱང་རིང་ལ་བལྟ་དུས་རྩི་ཤིང་སྔོ་ཐིང་ངེར་སྐྱེས་ཡོད་ཅིང་།“ས་གཞི་ཆེན་མོ་སྔོ་ལྗང་ཅན་དུ་གྱུར་བ་དང་། འཚོ་བར་བཀྲག་མདངས་སྣོན་པའི”ཕུགས་འདུན་རིམ་བཞིན་མངོན་འགྱུར་བྱུང་ཡོད།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རིམ་པ་ཁག་དང་ཚན་པ་ཁག་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱས་པ་དང་། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ་རིམ་རྩིས་བྱས་ན་ནགས་ཚལ་མུའུ་ཁྲི་100ཙམ་འདེབས་འཛུགས་བྱས་པ་དང་། སྔོ་འགྱུར་རྒྱ་སྐྱེད་དང་། སྔོ་འགྱུར་དར་སྤེལ། སྔོ་འགྱུར་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། ལྷ་སའི་རི་བོ་ཉིན་རེ་བཞིན་སྔོ་ལྗང་ཅན་དུ་གྱུར་བ་དང་། གནམ་གཤིས་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་པ། མཐའ་འཁོར་དང་འགྲིམ་འགྲུལ་ལམ་རྒྱུད་གལ་ཆེན་གྱི་སྔོ་འགྱུར་མངོན་གསལ་དོད་པོས་མང་དུ་ཕྱིན་པ། ས་ཁོངས་ཀྱི་འབྱུང་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད། འབྱུང་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་བཟང་པོ་ཐོབ་པ་ནི་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་དེ་གངས་ལྗོངས་ས་མཐོར་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་དུ་བསྟར་བ་ལས་བྱུང་བ་ཞིག་རེད། ཝང་ཅུན་ཀྲེང་གིས་བསྟན་དོན། ཉམས་མྱོང་ལ་ཕྱོགས་སྡོམ་དང་། གྲུབ་འབྲས་བརྟན་དུ་གཏོང་བ། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། རང་བྱུང་གི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། ཡུལ་བབ་དང་བསྟུན་པ། ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་བྱེད་པ། ཆ་རྐྱེན་ཡོད་པའི་ས་ཆར་དཔལ་འབྱོར་ནགས་ཚལ་འདེབས་འཛུགས་བཅས་བྱས་ཏེ། རི་ཀླུང་སྔོ་ལྗང་ཅན་དུ་འགྱུར་བར་བྱེད་དགོས་ལ། མང་ཚོགས་ལ་འབབ་འཕར་ཡང་ཡོང་བར་བྱས་ནས་རི་རྒོད་སྔོ་ལྗང་ཅན་དུ་འགྱུར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་རྣམ་པ་གསར་པ་ཡོང་བར་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་ཏན་ཏིག་གཏོང་དགོས། ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དེ་རིག་ལྡན་ཆུ་བེད་མ་ལག་ལ་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་པ་དང་། དེས་ཆུ་འདྲེན་གྱི་མ་གནས་དམའ་རུ་བཏང་བར་མ་ཟད། ཐོན་སྐྱེད་ཀྱི་ལས་ཕྱོད་ཀྱང་ཆེ་རུ་བཏང་ཡོད། ཝང་ཅུན་ཀྲེང་གིས་ལས་དོན་དེར་གདེང་འཇོག་ཡག་པོ་གནང་ཞིང་། འབྲེལ་ཡོད་ཚན་པས་ཚན་རྩལ་ལ་བརྟེན་ནས་ནུས་པ་བསྐྱེད་པ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社