分享按钮

ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་འཆད་ཁྲིད་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་9ཉིན་གྱི་ཕྱི་དྲོར།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས་ཀྱིས་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚེ་དབང་རྒྱ་མཚོ་གདན་དྲངས་ནས་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་འཆད་ཁྲིད་སྤེལ་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཕུང་གིས་ཆེད་དོན་འཆད་ཁྲིད་གཙོ་སྐྱོང་གནང་བ་རེད།

ཚེ་དབང་རྒྱ་མཚོས།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་གཙོ་གནད་ལག་བསྟར། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་གྲོས་འགོ་དོན་འཁྱོལ་བཅས་ཕྱོགས་གསུམ་ཐད་ནས་ཆེད་དོན་ཟུར་ཁྲིད་གནང་བ་རེད། ཟུར་ཁྲིད་གནང་སྐབས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ལྟེ་བའི་དོན་སྙིང་ལ་དམིགས་པ་དང་། མིག་སྔའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དང་ཟུང་འབྲེལ། དེ་བཞིན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ་ཚང་མར་གསོན་ཉམས་དོད་པའི་ཆབ་སྲིད་ཀྱི་སློབ་ཚན་དང་། ཉེན་ཟོན་གྱི་སློབ་ཚན། ལག་ལེན་གྱི་སློབ་ཚན་བཅས་འཚོགས་པ་རེད།

ཧོ་ཕུང་གིས་ད་ཐེངས་ཀྱི་ཆེད་དོན་ཟུར་ཁྲིད་ཀྱི་འཆད་ཁྲིད་ནང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ང་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་འགག་རྩའི་ཁྱབ་ཁོངས་དང་གཙོ་གནད་ལྷུ་ཚིགས་ལ་གནད་སྨིན་མཛུབ་ཁྲིད་བྱས་པ་དང་། ང་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཇི་ལྟར་བྱེད་པའི་ཐད་བསམ་འཆར་དང་གྲོས་འགོ་ཧ་ཅང་ཡག་པོ་བཏོན་པར་ཆབ་སྲིད་ཀྱི་རང་བཞིན་དང་། བཀོལ་སྤྱོད་ཀྱི་རང་བཞིན ཉེན་ཟོན་གྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། ཚང་མས་ངེས་པར་དུ་ད་ཐེངས་ཀྱི་སློབ་སྦྱོང་དེ་གོ་སྐབས་སུ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ནང་སེམས་ལ་འཇཊ་པ་དང་ཕྱི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་ཆབ་སྲིད་ཐད་བློ་དཀར་སེམས་དཀར་བྱེད་དགོས་པ་དང་། རྒྱུན་དུ་དམ་འཛིན་ལྷོད་མེད་བྱེད་པའི་ཁྲོད་སྤྱོད་ཚུལ་ལ་མུ་མཐུད་ནས་སྦྱོང་བརྡར་བྱེད་དགོས་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་བཞག་ནས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་སྔོན་དཔག་གི་ཕན་འབྲས་ཐོན་པར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་དང་ཚེ་རིང་དོན་གྲུབ་ཞུགས་ཡོད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-12 6 6 拉萨日报藏文 c200825.html 1 ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་འཆད་ཁྲིད་སྤེལ་བ། /enpproperty-->