分享按钮

ཧྲོའར་ཁྲིམས་ཁང་གིས་རྒྱལ་དམངས་སྟོབས་ཤུགས་ཏང་གི་ཚོཊ་འདུ་འཚོཊ་ནས་སྲིད་འཛིན་གྱི་འོས་མི་བསྐྱར་དུ་འདེམས་ཆོག་པར་བཤད།

(པར་ངོས་གསུམ་པར་མཐུད)དེ་གོང་ཅིན་ཝུན་ཀྲུའུ་ཡིས་ཁྲིམས་ཁང་ལ་སྲུང་སྐྱོབ་རེ་ཞུ་བྱས་ནས་རྒྱལ་དམངས་སྟོབས་ཤུཊ་ཏང་གིས་སྲིད་འཛིན་གྱི་འོས་མི་གསར་པའི་མིང་འདོན་པར་བཀག་འགོག་བྱས་པ་རེད། ཅིན་ཝུན་ཀྲུའུ་ཡི་ཏང་ནང་རྒྱབ་སྐྱོར་བྱེད་མཁན་གྱིས་ཀྱང་ཚེས་7ཉིན་ཁྲིམས་ཁང་ལ་རེ་ཞུ་བྱས་ནས་རྒྱལ་དམངས་སྟོབས་ཤུཊ་ཏང་གིས་ཚེས་11ཉིན་སྲིད་འཛིན་གྱི་འོས་མི་ཐོ་འགོད་བྱེད་མཚམས་མ་བཞག་གོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོཊ་འདུ་དང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་འཚོགས་ནས་ཟླ་སྒྲིལ་འདེམས་བསྐོའི་དོན་དག་ལ་གྲོས་བསྡུར་བྱེད་པར་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན་པ་རེད།

ཚེས་9ཉིན་ཧྲོའར་ལྷོ་རྒྱུད་ས་གནས་ཁྲིམས་ཁང་གི་མགྲིན་ཚབ་པས་གོང་གསལ་གྱི་རེ་ཞུ་གཉིས་ཀ་ཕྱིར་སློག་བྱས་ཡོད། ཁྲིམས་ཁང་གིས་མིག་སྔར་རྒྱལ་དམངས་སྟོབས་ཤུགས་ཏང་གིས་ཅིན་ཝུན་ཀྲུའུ་ཡི་སྲིད་འཛིན་འོས་མིའི་ཐོབ་ཐང་ཁྱོན་ཡོངས་ནས་ཁས་ལེན་བྱས་མེད་པ་དང་སྲུང་སྐྱོབ་རེ་ཞུ་བྱས་པར་དོན་དངོས་ཀྱི་དོན་སྙིང་མེད་ཅེས་བཤད།

ལྷོ་ཁོ་རེ་ཡ་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིཊ་ན། ཁྲིམས་གཅོད་དེས་རྒྱལ་དམངས་སྟོབས་ཤུཊ་ཏང་གིས་སྲིད་འཛིན་འོས་མིའི་ཐོབ་ཐང་ཧན་ཏེ་ཀྲུའུ་ལ་སྤྲོད་རྒྱུར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཅིན་ཝུན་ཀྲུའུ་ཉིན་དེ་གར་རྒྱལ་དམངས་སྟོབས་ཤུགས་ཏང་གི་གྲོས་མིའི་ཚོགས་འདུར་ཞུགས་སྐབས་ཟླ་སྒྲིལ་འདེམས་བསྐོའི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་ཁོ་པ་མར་འཐེན་རྒྱུ་དེ་ཡིན་པ་དང་འབྲེལ་ཏང་ནང་ཁུལ་གྱི་མཐོ་རིམ་པས་ཁོང་དང་ཧན་ཏེ་ཀྲུའུ་དབར་སུ་ཞིག་གིས་རྒྱལ་དམངས་སྟོབས་ཤུགས་ཏང་གི་ཚབ་ཞུས་ནས་སྲིད་འཛིན་འདེམས་བསྐོའི་ནང་ཞུགས་རྒྱུའི་གྲོས་མོལ་བྱ་རྒྱུའི་གནོན་ཤུགས་སྤྲད་པར་སྐྱོན་འཛུགས་བྱས་པ་རེད།

ལྷོ་ཁོ་རེ་ཡའི་རྩ་ཁྲིམས་ཁྲིམས་ཁང་གིས་ཟླ་4ཚེས་4ཉིན་རྒྱལ་དམངས་སྟོབས་ཤུཊ་ཏང་གི་སྐྱིད་སྡུག་ནས་ཡིན་པའི་སྲིད་འཛིན་དབྱི་ཞི་ཡུའེ་ལ་ནག་ཉེས་ཐེར་འདོན་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། སྐབས་གསར་པའི་སྲིད་འཛིན་འདེམས་བསྐོ་ཟླ་6ཚེས་3ཉིན་འཚོག་རྒྱུའི་གཏན་འཁེལ་བྱས་ཡོད། ཧན་ཏེ་ཀྲུའུ་ཡིས་དེ་སྔ་དབྱི་ཞི་ཡུའེ་ཡི་འགན་འཁུར་རིང་སྲིད་བློན་གྱི་གོ་གནས་འཁུར་མྱོང་ཡོད་པར་མ་ཟད། ཕྱི་མ་དེ་རྒྱལ་ཚོགས་ཀྱིས་སྐྱོན་འདོན་ཞུ་གཏུཊ་བྱས་རྗེས་སྲིད་འཛིན་ལས་ཚབ་ཀྱི་འགན་འཁུར་ཡོད། ཉེ་ཆར་དམངས་འདོད་བརྟག་དཔྱད་ལས་མངོན་པར་གཞིཊ་ན། ཐུན་མོང་དམངས་གཙོ་ཏང་གི་སྲིད་འཛིན་འོས་མིར་རྒྱབ་སྐྱོར་བྱེད་ཚད་མི་གཞན་གྱི་སྔོན་ལ་སླེབས་པ་དང་། རྙིང་ཞེན་ཕྱོགས་ཁག་གི་དཔུང་ཁག་ཁྲོད་ཧན་ཏེ་ཀྲུའུ་ཡི་མི་མང་ཤོས་ཡིན།

ཅིན་ཝུན་ཀྲུའུ་ཡིས་དགོས་ངེས་ཀྱི་ཁྲིམས་མཐུན་བྱ་ཐབས་ཡོད་ཚད་སྤྱད་དེ་ཁོང་གི་སྲིད་འཛིན་འོས་མིའི་ཐོབ་ཐང་སྲུང་སྐྱོང་བྱ་རྒྱུ་དང་། ཧན་ཏེ་ཀྲུའུ་ཡིས་གལ་ཏེ་ཟླ་5ཚེས་11ཉིན་གྱི་གོང་དུ་འོས་མི་རྐྱང་པའི་དོན་དག་ཐད་ཅིན་ཝུན་ཀྲུའུ་དང་གྲོས་མཐུན་མ་བྱུང་ཚེ་སྐབས་འདིའི་སྲིད་འཛིན་འདེམས་བསྐོའི་ཁྲོད་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གསར་འགྱུར)

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-11 6 6 拉萨日报藏文 c200823.html 1 ཧྲོའར་ཁྲིམས་ཁང་གིས་རྒྱལ་དམངས་སྟོབས་ཤུགས་ཏང་གི་ཚོཊ་འདུ་འཚོཊ་ནས་སྲིད་འཛིན་གྱི་འོས་མི་བསྐྱར་དུ་འདེམས་ཆོག་པར་བཤད། /enpproperty-->