(པར་ངོས་དང་པོར་མཐུད)
ཚོགས་འདུའི་ཐོག་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་2025ལོའི་གངས་ལྗོངས་གནའ་གྲོང་དང་གནས་མཆོག་ལྷ་ས་ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་གསན་པ་དང་ཚོགས་ཞུགས་མི་སྣས་སྤེལ་རེས་གཏམ་བཤད་གནང་བ་དང་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
ཚོགས་འདུའི་ཐོག སྔོན་གྱི་གྲ་སྒྲིག་ལས་དོན་ལ་ཚད་མཐོའི་ཁས་ལེན་གནང་བ་རེད། རིག་གནས་ཡུལ་སྐོར་ཐོན་ལས་ནི་ལྷ་ས་གྲོང་ཁྱེར་གྱི་གཙོ་ཁྲིད་ཐོན་ལས་ཤིག་ཡིན་པ་དང་།རྒྱལ་སྤྱིའི་ཡུལ་སྐོར་དམིཊ་སའི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་ནི་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འབད་འཐབ་དམིགས་ཚད་ཡིན་པས། ཚད་མཐོའི་ཐུན་མོང་གི་ངོས་འཛིན་བྱ་དགོས་ཤིང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་འཐབ་ཇུས་ཀྱི་དོན་སྙིང་ངོས་འཛིན་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་རིག་གནས་ཡུལ་སྐོར་སྤུས་རྟཊ་གཏོད་རྒྱུ་དམིཊ་ཡུལ་དུ་བྱེད་པ་དང་། གཡོལ་ཐབས་མེད་པའི་ལས་འགན་གྱི་འདུ་ཤེས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱེད་དགོས། བརྟག་དཔྱད་ཞིབ་ཚགས་བྱེད་དགོས་ཤིང་། ཞིབ་ཕྲའི་གནས་ཚུལ་གྱིས་རྒྱལ་ཕམ་ཐག་གཅོད་བྱེད་ཀྱི་ཡོད་པས་ན་ནིང་གི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ནས་འགྲིམ་འགྲུལ་དང་། བཟའ་བཅའི་བདེ་འཇགས། མི་སྣ་བཀོད་སྒྲིག་སོགས་བརྒྱུད་རིམ་ཡོངས་སུ་ནང་སྦྱོང་བྱས་ཏེ་ལྷུ་ཚིགས་རེ་རེ་གནད་ལ་འཁེལ་ཞིང་ནོར་འཁྲུལ་མེད་པའི་འགན་ལེན་བྱེད་དགོས། གྲུབ་འབྲས་ལེགས་པོ་ཐོན་པར་བྱ་དགོས་ཤིང་། ཡག་ཐོག་ཡག་འཚོལ་གྱི་རྣམ་འགྱུར་ཐོག་ནས་ལྷ་སའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་དང་བྱེད་སྒོའི་ནང་དོན་གསར་གཏོད་བྱས་ཏེ།ཏང་གི་འོད་སྟོང་རབ་ཏུ་འཕྲོ་བའི་འོག་མི་རིགས་ཁག་གི་མི་དམངས་བློ་སྟོབས་ཆེན་པོས་ཡར་རྒྱས་ཡོང་བའི་ལྷ་ས་ཕྱོགས་ཡོངས་ནས་མངོན་པ་དང་། འཛམ་གླིང་ལ་ལྷ་སའི་ཐུན་མོང་མ་ཡིན་པའི་ནང་དོན་ཤེས་སུ་འཇུག་པ། བཀའ་དྲིན་ལ་བསམ་གཞིགས་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པས་ཚུཊ་གནས་མཐོ་བ་དང་། ཇུས་འགོད། འགན་འཁྲི་ངོ་མ་བཅས་ཀྱི་ཐོག་ནས་རིག་གནས་ཡུལ་སྐོར་དུས་ཆེན་ཕུན་སུམ་ཚོགས་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ལྷ་སར་དྲིན་ལན་འཇལ་དགོས་ཞེས་ནན་གསུངས་གནང་བ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社