(པར་ངོས་དང་པོར་མཐུད)ཧྭ་ནེང་བོད་ལྗོངས་ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུཊ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་མིག་སྔར། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་རྒྱུར་གཡོ་འགུལ་མི་གཏོང་བར་གཙོ་ཁྲིད་གཅིག་ཆེ་རུ་གཏོང་བ་དང་།ཀ་རྟེན་ཆེན་པོ་གསུམ་ལེགས་སུ་གཏོང་བ།ཐོན་ལས་ཆེན་པོ་དགུ་སྟོབས་ཆེར་གཏོང་བར་དམིགས་པ་དང་།ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་དང་།སྲིད་ཇུས་ཀྱི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ།ཐོན་ལས་ཀྱི་ནུས་པ་འདོན་སྤེལ་བཅས་ལ་དམིགས་ནས་ལྷ་སའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་བཞིན་ཡོད།ཧྭ་ནེང་བོད་ལྗོངས་ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིས་ལྷ་སའི་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་ཏེ་ཐོན་ལས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་། ཁྱབ་ཁོངས་དེ་བས་ཡངས་པ་དང་རིམ་པ་དེ་བས་གཏིང་ཟབ་པའི་སྒོ་ནས་སྤེལ་རེས་ཤར་གཏོང་ཐུབ་པར་བྱེད་པ།མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་དགོས་པའི་ཐུགས་རེ་གནང་བ་དང་།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་རྒྱུན་བཞིན་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
ལི་ཁྲའོ་དབྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཧྭ་ནེང་བོད་ལྗོངས་ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིར་རྒྱབ་སྐྱོར་ཤུཊ་ཆེན་གནང་བར་ཐུཊ་རྗེ་ཆེ་ཞུས་པ་དང་འབྲེལ།ཁེ་ལས་འཕེལ་རྒྱས་འགྲོ་ཚུལ་དང་རྗེས་མའི་འཕེལ་རྒྱས་འཆར་འགོད་སྐོར་ངོ་སྤྲོད་མདོར་བསྡུས་གནང་བ་རེད།ཁོང་གིས་ལག་རྩལ་དང་ཤེས་ལྡན་པ་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་ཀྱི་བཀོད་པ་ལེཊ་སུ་གཏོང་བ་དང་།མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ལྷ་ས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་མང་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
ཤའོ་ཡིའུ་ཚའེ་དང་ཧྭ་ནེང་བོད་ལྗོངས་ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལག་བསྟར་ ཏུང་ཧྲི་ལི་ཁྲའོ་དབྱི་བཅས་པ་དང་བཞུགས་མོལ་གནང་བ།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社