(པར་ངོས་གསུམ་པར་མཐུད)ལོན་ཏོན་གྲོང་ཁྱེར་སློབ་གྲྭའི་སློབ་མ་ནུའོ་ཡ་ཨའེ་སི་ཅི་ན་ཆི་ཉི་མའེ་ཡིས་རྒྱ་ཡིག་སློབ་སྦྱོང་བྱེད་པར་འགྲན་སློང་རང་བཞིན་ལྡན་མོད། འོན་ཀྱང་སྤྲོ་སྣང་ཆེན་པོ་ལྡན་ཡོད་ཅེས་བཤད། རྒྱ་ཡིག་སྦྱངས་པ་བརྒྱུད་ཁོ་མོས་ཀྲུང་གོའི་རིག་གནས་ལ་ཤེས་རྟོགས་ཐུབ་པར་མ་ཟད། རིག་གནས་མི་འདྲ་བའི་དབར་གྱི་འདྲ་བའི་ཆ་ཡང་ངོས་འཛིན་ཐུབ་ཡོད། སླད་ཕྱིན་ཉི་མའེ་ཀྲུང་གོར་ཡུལ་སྐོར་དང་དོམ་ཁྲར་ལྟ་བར་འགྲོ་རྒྱུའི་རེ་བ་ཡོད་ལ། རང་ཉིད་ཀྱི་འབྱུང་འགྱུར་གྱི་ལས་ཀའི་གདམ་ག་ཀྲུང་གོ་དང་འབྲེལ་བ་དམ་ཟབ་ཡོང་རྒྱུའི་རེ་བའང་བྱེད་ཀྱི་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ཝུའེ་ལེར་ཕྱེད་གླིང་གི་ཁར་ཏའེ་ཀེ་ལན་ཆི་རིག་གནས་སློབ་གྲྭའི་སློབ་མ་བུ་12ཀྱིས་གླུ་གར་གྱི་རྣམ་པའི་ཐོག་ནས《ཁྱེད་ནི་ངའི་མེ་ཏོག་ཡིན》ཞེས་པའི་གླུ་གཞས་འཁྲབ་སྟོན་བྱས་པར་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས། སློབ་མ་ཚོས་ད་དུང་དགའ་སྤྲོའི་ངང་དོམ་ཁྲའི་བཀྲ་ཤིས་མཚོན་རྟགས་དང་མཉམ་དུ་པར་བརྒྱབ་པ་དང་འབྲེལ་དྲན་རྟེན་ཡང་རག་པ་རེད།
ཁར་ཏའེ་ཀེ་ལན་ཆི་རིག་གནས་སློབ་གྲྭའི་སློབ་སྤྱི་གཞོན་པ་ཕ་ཐེ་ལི་ཁེ་ཡ་ཏང་སེན་གྱིས་རྒྱ་ཡིག་སློབ་སྦྱོང་གི་སློབ་ཚན་གྱིས་སློབ་མ་ཚོས་ཀྲུང་གོར་ངོས་འཛིན་བྱེད་ཚད་དེ་དོན་ཁོ་ན་ཙམ་མ་ཡིན་པར་ཀྲུང་གོའི་གསོན་ཤུཊ་ལྡན་པའི་རིག་གནས་ཚོར་ཐུབ་ཅེས་བཤད།
དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཀྲའོ་ཧྥེ་ཡིས་སྐད་ཆ་ནི་བསམ་བློ་བརྗེ་རེས་ཀྱི་སྨྱན་སྦྱོར་དང་ཕན་ཚུན་བསམ་ཤེས་བྱེད་པའི་ཟམ་པ་ལྟ་བུ་ཡིན།རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་ནི་འདས་ཟིན་པ་དང་ད་ཆ་སྦྲེལ་མཐུད་བྱེད་པའི་ལྡེ་མིག་ཅིག་དང་འདྲ་བར་སློབ་མ་ཚོས་ཡུལ་དུས་ལས་བརྒལ་ནས་ཀྲུང་གོའི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ཤེས་དཔལ་དང་ལོ་རྒྱུས་འཚོལ་ཞིབ་དང་།ཀྲུང་གོའི་མིག་སྔའི་འཕེལ་རྒྱས་དང་ཡར་ཐོན་ལ་ཤེས་རྟོཊ་ཐུབ་པ་དང་སྦྲགས།ཀྲུང་གོའི་འབྱུང་འགྱུར་ལའང་རྒྱང་ལྟ་བྱེད་ཐུབ་ཅེས་བཤད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社