ཤིན་ཧྭ་གསར་འགྱུར་ཁང་ལོན་ཏོན་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ།2025ལོའི་རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོའི་བྱེད་སྒོ་དེ་ཚེས་8ཉིན་ལོན་ཏོན་དུ་སྤེལ་བ་དང་དབྱིན་ཇིའི་སློབ་གྲྭ་དྲུག་ནས་ཡོང་བའི་སློབ་མ་100ཙམ་དང་དགེ་རྒན་བཅུ་ལྷག་ཙམ་བྱེད་སྒོར་ཞུགས་ནས་ཀྲུང་གོའི་སྐད་ཡིག་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོས་རྒྱ་ཡིག་སྟེ་ཡུལ་དུས་བརྒལ་བའི་ལག་རྟགས་ཞེས་པ་གཙོ་དོན་དུ་བྱས་ཏེ་ཁུང་ཙི་སློབ་གླིང་མང་པོའི་རྒྱབ་སྐྱོར་འོག་ཐང་རྒྱལ་རབས་ཀྱི་སྙན་ངག་པར་འདེབས་བཟོ་གྲྭ་དང་།ཚོན་རིས་ངོ་འབག།ཀྲུང་གོའི་དྲག་རྩལ་གྱི་འགྱུར་མེད་ཡིད་དབང་འཕྲོག་ཤུགས་སོགས་ཀྲུང་གོའི་ཡི་གེ་དང་རིག་གནས་ལས་དོན་ཁང་གི་བྱེད་སྒོ་སྤེལ་བ་རེད། སློབ་མ་ཚོས་ཡིག་གཟུགས་དང་།སྙན་ངག དྲག་རྩལ།པར་འདེབས་སོགས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བཞིན་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社